ས་དེའི་དུས་ཚོད་ཟླ5པའི་ཚེས7ཉིན། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་ཀྱིས་སྒྲིག་སྦྱོར་བྱས་པའི《ཞི་ཅིན་ཕིང་དགའ་བའི་གསུང་རབ་གཏམ་རྒྱུད》ཀྱི་རྒྱལ་སྤྱིའི་པར་གཞི་གཏོང་མགོ་རྩོམ་པའི་མཛད་སྒོ་དེ་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་རུ་འཚོགས། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྨྱན་བྱད། སློབ་གསོ་སོགས་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་མི་སྣ་གྲགས་ཅན་ཚུད་པའི་སྐུ་མགྲོན200ལྷག་ཐེངས་འདིའི་བྱེད་སྒོར་ཞུགས། ཉིན་དེ་ནས་བཟུང་ལེ་ཚན་དེ་ཨུ་རུ་སིའི་ཨུ་རུ་སི་ཡོངས་ཀྱི་རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་ཟི་དང་། ཨུ་རུ་སིའི་སྲིད་གཞུང་གི་ལས་ཁུངས་ཚགས་པར་ཏེ《ཨུ་རུ་སིའི་ཚགས་པར》གྱི་གཞུང་ཕྱོགས་དྲ་བ། ཨུ་རུ་སིའི་རང་བྱུང་སོལ་རླངས་སྨྱན་བྱད་མ་རྐང་ཚོད་འཛིན་ཀུང་ཟི། ཨུ་རུ་སིའི་ཨེ་ཤ་ཡ་ཆེན་མོའི་བརྙན་འཕྲིན་ལས་ཁུངས་སོགས་ཀྱི་བརྒྱུད་ལམ་ནས་གཏོང་རྒྱུ་རེད།
《ཞི་ཅིན་ཕིང་དགའ་བའི་གསུང་རབ་གཏམ་རྒྱུད》ཀྱི་རྒྱལ་སྤྱིའི་པར་གཞིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་དང་རྩོམ་ཡིག གླེང་མོལ་བཅས་ཀྱི་ནང་དུ་དྲངས་པའི་ཀྲུང་གོའི་གནའ་བོའི་བསྟན་བཅོས་དང་གསུང་རབ་གྲགས་ཅན་ལེགས་འདེམས་བྱས་ཡོད་ཅིང་། དེས་གསར་གཏོད་འཕེལ་རྒྱས་དང་རིག་གནས་དར་རྒྱས། ཤེས་རིག་གི་སྣ་མང་རང་བཞིན་དང་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཁྱིམ་ཚང་སློབ་གསོ་སོགས་བརྗོད་བྱ་གཙོ་བོ་ལ་དམ་པོར་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕུལ་དུ་བྱུང་བའི་ཆབ་སྲིད་ཀྱི་བློ་གྲོས་དང་མཚན་ཉིད་རིག་པའི་བློ་སྦྱོང་ཟབ་མོ། བླ་ན་མེད་པའི་མི་ཆོས་ཀྱི་བློ་གཤོགས་བཅས་མངོན་པར་བསྟན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།