ཧི་ལིས་ཧྥིན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་དངུལ་གཏོང་ཅུའུ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཅི་ཏི་ལ་མཇལ་འཕྲད་གནང་།
2025.05.08 ཁུངས། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥིན་གྱིས་ཚེས7ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་དངུལ་གཏོང་ཅུའུ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཅི་ཏི་ལ་མཇལ་འཕྲད་གནང་།

ཧི་ལིས་ཧྥིན་གྱིས་བསྟན་དོན། ད་ལོའི་ཚུན་དུ་ཀྲུང་གོའི་དཔལ་འབྱོར་མགོ་ཚུགས་པ་ལེགས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྤྱི་ཚོགས་ཀྱི་ཡིད་ཆེས་དང་སྔོན་དཔག་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།  ཀྲུང་གོས་སྔར་ལས་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ནས་དངུལ་རྩ་སོགས་ཁྱབ་ཁོངས་སོ་སོའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་པས། ཨ་པུའུ་ཀྲ་པུས་དངུལ་གཏོང་ཅུའུ་ཚུད་པའི་ཕྱི་རྒྱལ་གྱི་དངུལ་རྩའི་ལས་ཁུངས་དང་ཡུན་རིང་དངུལ་གཏོང་བྱེད་མཁན་ཀྲུང་གོར་ཡོང་ནས་ལས་རིགས་དར་སྤེལ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

མཱ་ཅི་ཏི་ཡིས་བསྟན་དོན། ཨ་པུའུ་ཀྲ་པུས་དངུལ་གཏོང་ཅུའུ་ཡིས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ལ། སྣ་མང་ཁྱབ་ཁོངས་སུ་མཉམ་ལས་བརྗེ་རེས་བྱེད་པར་རེ་སྒུག་བྱེད་ཀྱི་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།