ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆེད་དོན་གྲོས་ཚོགས་བསྡུས།
2025.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས7ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྐོར་གྱི་བྱ་བའི་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་ཚན་ཁག་གི་སྙན་ཞུ་ལ་ཉན་ཞིང་། གནད་དོན་ལ་རྩིས་བཤེར་དང་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མིས་གནད་དོན་ཞིབ་བསྡུར་འཚོལ་སྟོན་དང་དག་ཐེར་ལེགས་བཅོས་བྱེད་པའི་ཐད་ནས་གཏམ་བཤད་སྤེལ་ལ། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་ནས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཧ་ཅང་མཐོང་ཆེན་བྱས་པ་དང་། ཏང་ཡོན་ཡོངས་དང་ལས་བྱེད་པས་དུས་ཐོག་ཏུ་རྗེས་འདེད་བྱས་ལ། བྱ་བའི་ཆེད་དོན་ཚན་ཁག་གིས་འགན་བཟང་བོར་ཁུར་བ་དང་། སློབ་སྦྱོང་ཞིབ་སྡུར་ནན་མོ་བྱས་ཤིང་། གནད་དོན་འཚོལ་སྟོན་དངོས་གཉེར་བྱས་ལ། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ལག་བསྟར་བྱས་པ་དང་། ཁྲལ་སེལ་སླ་བཅོས་མི་བྱེད་པ་དང་རྣམ་པ་ཙམ་མི་བྱས་པར་སློབ་བཤེར་བསྒྱུར་གསུམ་གཞི་གཅིག་ཏུ་བཟང་བོར་སྤེལ།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱུན་མཐུད་ངང་སློབ་སྦྱོང་དང་ཞིབ་སྡུར་ཟབ་མོ་བྱེད་པ་དང་། བསམ་བློའི་སྣེ་ཁྲིད་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་ཞིབ་སྡུར་བརྗེ་རེས་ལ་བརྟེན་ནས་བསམ་བློ་སྔར་ལས་གཅིག་གྱུར་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་དགོས། རྒྱུན་མཐུད་ངང་གནད་དོན་འཚོལ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དག་ཐེར་ལེགས་བཅོས་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། སློབ་བཤེར་བསྒྱུར་གསུམ་གྱི་གྲུབ་འབྲས་ཁྲིམས་ལྟར་དམངས་ཆེན་གྱི་ཁྲིམས་བཀོད་འགན་འཁྲི་ལག་བསྟར་བྱེད་པའི་ཁྲོད་དང་། སྤུས་ཚད་མཐོ་བའི་ངང་ལོ་ཧྲིལ་བོའི་བྱ་བའི་ལས་འགན་ཡོངས་འགྲུབ་བྱེད་པའི་སྟེང་མངོན་པར་བྱེད་དགོས། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་རྒྱུན་མཐུད་ངང་ལག་བསྟར་བྱེད་པ་དང་། སྒོ་འབྱེད་སློབ་གསོ་བཟང་བོར་བསྒྲུབ་པ། བརྟག་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ། གྲོས་གཞི་བསམ་འཆར་བསྡུ་ལེན་བྱེད་པ། ལྟ་སྐུལ་གྱི་ལམ་བུ་རྒྱ་སྐྱེད་པ། དག་ཐེར་ལེགས་བཅོས་ཀྱི་ཕན་འབྲས་ལ་བརྟེན་ནས་མི་དམངས་ཡིད་ཆེས་པར་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་པར་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ། བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཐད་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས།

རིན་ཆེན་མཚོས་བསྒྱུར།