ཞི་ཅིན་ཕིང་གིས་སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙའོ་ལ་མཇལ་འཕྲད་གནང་།
2025.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0


ས་དེའི་ཟླ5པའི་ཚེས9ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོ་རུ། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པའི་སྐབས་སུ། སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙའོ་ལ་མཇལ་འཕྲད་གནང་།

ས་དེའི་ཟླ5པའི་ཚེས9ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོ་རུ། སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པའི་སྐབས་སུ། སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙའོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་སི་ལོ་ཝ་ཁིའི་འབྲེལ་བ་ཕྱོགས་ཡོངས་དང་གཏིང་ཟབ་པ། ཆུ་ཚད་མཐོན་པོ་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་དེ་ནི། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། སྒོ་འབྱེད་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཀུན་ནས་མཐུན།  ན་ནིང་གི་ཟླ11པར་ཁྱེད་ཀྱིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ང་ཚོའི་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་མིག་སྔར་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་ཅིང་། ཀྲུང་གོ་དང་སི་ལོ་ཝ་ཁིའི་འཐབ་ཇུས་རོགས་རེས་འབྲེལ་བ“མགྱོགས་ལམ”གྱི་སྟེང་དུ་དངོས་སུ་སླེབས་ཡོད། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་མུ་མཐུད་དུ་ཟབ་སྤེལ་གཏོང་བ་དང་། མཐོ་རིམ་འགྲོ་འོང་ཇེ་དམ་དུ་གཏོང་བ། ཕན་ཚུན་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་བྱས་ཏེ། ཀྲུང་གོ་དང་སི་ལོ་ཝ་ཁི་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་ཡུན་རིང་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་གྲས་སུ་བཞག་སྟེ། ཀྲུང་གོ་དང་དབུས་ཤར། ཡོ་རོབ་བཅས་ཀྱི་དངོས་མང་བཤམས་ཚོགས་སྐབས་བཞི་པར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། སི་ལོ་ཝ་ཁི་ཡི་སྤུས་ལེགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པར་མ་ཟད། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་སི་ལོ་ཝ་ཁི་རུ་མ་དངུལ་བཏང་ནས་ལས་གཉེར་བྱ་རྒྱུར་བསྔགས་སྐུལ་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝ་ཁི་སོགས་རྒྱལ་ཁབ་ཁག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ཀྱིས་འགྲན་སློང་ལ་ཁ་གཏད་འཇལ་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་འདོད་ཡོད། སི་ལོ་ཝ་ཁི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ལེགས་ཇེ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་ནུས་པ་འདོན་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ཧྥེ་ཙའོ་ཡིས་སི་ལོ་ཝ་ཁི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་སོགས་ཀྱི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཝུའུ་ཁི་ལན་དང་དབུས་ཤར་ས་ཁུལ་སོགས་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་ནུས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། རང་མོས་ཉོ་ཚོང་གི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་བརླིང་ཡོང་བར་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཝང་དབྱི་སོགས་ཐེངས་འདིའི་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།