ས་གནས་དེ་གའི་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།
ས་གནས་དེ་གའི་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ5པར་ངས་སེར་ཝེ་ཡར་བདེ་བླག་ངང་རྒྱལ་དོན་འཚམས་འདྲི་བྱས་པ་ཡིན། ལོ་ངོ་གཅིག་གི་རིང་། དུས་རབས་གསར་པའི་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་རྣམ་པ་ལེགས་ཤིང་ངོམ་རིན་ཡོད་པའི་གྲུབ་འབྲས་བླངས་ཡོད། འཛམ་གླིང་གི་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་དང་ཉེན་ཁ། འགྲན་རྩོད་མང་པོར་ཁ་གཏད་གཅོག་སྐབས། ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་རང་གི་བྱ་བ་ལེགས་པོར་སྒྲུབ་ནས། མཛའ་བརྩེ་ཟབ་མོ་རྒྱུད་འཛིན་དར་སྤེལ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ཟབ་སྤེལ་བཏང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་གོ་དང་སེར་ཝེ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་སེར་ཝེ་ཡའི་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཚོང་དོན་དང་དངུལ་གཏོང་མཉམ་ལས་ལ་ཤུགས་བསྣན་ནས། འབྲེལ་ཡོད་ལས་གཞི་འཛུགས་སྐྲུན་དང་འཁོར་རྒྱུག་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་། དཔེ་སྟོན་ནུས་པ་ལེགས་པོར་བཏོན་ནས། གཉིས་ཕན་མཉམ་རྒྱལ་གྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་བརྒྱད་ཅུའི་སྔོན་ལ། ཀྲུང་གོའི་མི་དམངས་དང་སེར་ཝེ་ཡའི་མི་དམངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཁྲོད་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་འཐབ་འཁྲུག་ལ་རྒྱལ་ཁ་ལེན་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སེར་ཝེ་ཡ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་བྱས་ནས་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་། འཛམ་གླིང་གི་ཞི་བདེ་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། དཔལ་འབྱོར་གོ་ལ་ཅན་གྱི་གྲུབ་འབྲས་ལ་སྲུང་སྐྱོབ་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།
ས་གནས་དེ་གའི་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ལ་མཇལ་འཕྲད་གནང་།
ཝུའུ་ཆི་ཆི་ཡིས་བསྟན་དོན། ཀྲུང་གོ་ནི་སེར་ཝེ་ཡའི་གྲོགས་པོ་ཆེས་བཟང་པོ་ཡིན་པས། དུས་རྒྱུན་དུ་སེར་ཝེ་ཡར་རྒྱབ་སྐྱོར་དང་རོགས་རམ་གང་མང་བྱས་ཏེ། སེར་ཝེ་ཡའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར་ལ་རོགས་ཤུགས་འདོན་བཞིན་ཡོད། སེར་ཝེ་ཡའི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་པར་འདོད་ཡོད། སེར་ཝེ་ཡའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་རྒྱ་བསྐྱེད་དེ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་སེར་ཝེ་ཡར་མ་དངུལ་བཏང་ནས་ལས་རིགས་དར་སྤེལ་གཏོང་བར་དགའ་བསུ་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་པོ་འདོན་སྤྲོད་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཧུར་ཐག་གིས2027ལོའི་པེ་ཨར་ཀི་ལའེ་ཏི་ཆེད་ལས་རིགས་ཀྱི་འཛམ་གླིང་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་རེ་བ་བཅངས་ཡོད། སེར་ཝེ་ཡའི་ཕྱོགས་ཀྱིས་ཀྲུང་གོས་བློ་རྩ་བརྟན་པོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱི་ལྟ་བ་དང་འགུལ་སྐྱོད་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་སྤོབས་པ་དང་ཡིད་ཆེས་ཇེ་ཆེར་ཕྱིན་པས། སེར་ཝེ་ཡའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མཐུན་སྒྲིལ་བྱས་ནས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་འགྲན་རྩོད་ལ་ཁ་གཏད་གཅོག་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།
ལྷ་མོ་འཚོས་བསྒྱུར།