ས་གནས་དེ་གའི་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ལ་མཇལ་འཕྲད་གནང་།
ས་གནས་དེ་གའི་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འབར་མ་ནི་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱེད་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན། ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་དར་སྤེལ་གཏོང་བཞིན་པའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་ཝན་ལུང་སྙིང་སྟོབས་ལ་ལོ་རྒྱུས་རིང་པོ་ལྡན་ཞིང་། དུས་རབས་ཀྱི་རིན་ཐང་ཆེ་རུ་མངོན་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་དོན་ལྔ་འཁོར་བའི་ལོ་ཡིན་པས། ཀྲུང་གོའི་ཕྱོགས་ཀྱིས་ཁྱིམ་མཚེས་འཆམ་མཐུན་དང་ཁྱིམ་མཚེས་བདེ་འཇགས། ཁྱིམ་མཚེས་ཕྱུག་འགྱུར། ཟོལ་མེད་དཀྱེལ་ཡངས་དང་། ལས་སྐལ་གཅིག་མཐུན་བཅས་ཀྱི་འདུ་ཤེས་བྱེད་ཕྱོགས་རྒྱུན་འཛིན་བྱས་ཏེ། འབར་མའི་ཕྱོགས་དང་མཉམ་དུ་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཟབ་སྤེལ་བྱེད་པ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་ཅིང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་དོན་འཁྱོལ་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་མང་པོ་བསྐྲུན་རྒྱུ་ཡིན། སྔོན་ཏག་ཏག་ལ། འབར་མའི་མཱན་ཏི་ལེར་ས་ཡོམ་དྲག་པོ་བྱུང་ནས་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཐེབས་པས། ཀྲུང་གོའི་ཕྱོགས་ཀྱིས་སྔ་མོ་ནས་རྒུད་སྐྱོད་སྟོབས་ཤུགས་མངགས་པ་དང་། མགྱོགས་མྱུར་ངང་མི་ཆོས་རིང་ལུགས་ཀྱི་དངོས་རྒྱུའི་རོགས་སྐྱོར་བྱས་པ་ཡིན་ལ། ད་དུང་མུ་མཐུད་དུ་རོགས་རམ་བྱས་ནས་འབར་མའི་ཕྱོགས་ཀྱིས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་འབར་མ་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་ནས། བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་། རྒྱལ་ཁབ་གཏན་འཇགས་བཅས་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་ལ་སྐུལ་འདེད་བརྟན་པོ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཀྲུང་གོ་དང་འབར་མའི་དཔལ་འབྱོར་ཁྱམས་རའི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས། འབར་མའི་ཕྱོགས་ཀྱིས་འབར་མ་རུ་ཡོད་པའི་ཀྲུང་གོའི་ཕྱོགས་ཀྱི་མི་སྣ་དང་ལས་ཁུངས། ལས་གཞི་བཅས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། དྲ་ཐོག་རྒྱན་འགུག་དང་གློག་འཕྲིན་མགོ་སྐོར་སོགས་ས་ཁོངས་བརྒལ་བའི་ཉེས་ཅན་ལ་ཤུགས་ཆེན་པོས་རྡུང་རྡེག་གཏོང་བའི་རེ་བ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས།
ས་གནས་དེ་གའི་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ལ་མཇལ་འཕྲད་གནང་།
མེན་ཨང་ལའེ་ཡིས་བསྟན་དོན། འབར་མར་ས་ཡོམ་གྱི་གནོད་འཚེ་ཐེབས་རྗེས། ཀྲུང་གོའི་ཕྱོགས་ཀྱིས་སྐབས་ཐོག་དེར་འབར་མའི་ཕྱོགས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པ་དང་། སྔ་མོ་ནས་འབར་མར་རོགས་སྐྱོར་འདོན་སྤྲོད་བྱས་པར་མ་ཟད་འབར་མས་རྒུད་སྐྱོབ་བྱེད་པར་རོགས་རམ་བྱས་པས། འབར་མར་བཅངས་པའི་མཛའ་བརྩེ་ཟབ་མོ་དང་བརྩེ་བ་ངོ་མ་མཚོན་ཡོད་ཕྱིར། འབར་མའི་མི་དམངས་ཀྱིས་ནམ་ཡང་ཡིད་ལ་དམ་པོར་འཛིན་སྲིད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་ཡོད། འབར་མ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མེད་བྱས་ནས། ཀྲུང་གོའི་ཕྱོགས་ཀྱིས་ནམ་ཡིན་ཡང་བློ་གཏད་ཆོག་པའི་ཁྱིམ་མཚེས་བཟང་པོ་བྱེད་འདོད་ཡོད། འབར་མ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ཕྱོགས་ཀྱི་འབར་མ་རུ་ཡོད་པའི་ལས་གཞི་དང་མི་སྣའི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་མོ་གསུམ་དང་ཉེ་འཁོར་རྒྱལ་ཁབ་དང་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་ལྟ་བར་བསྔགས་བརྗོད་ཚད་མེད་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་གཅོག་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།
ལྷ་མོ་འཚོས་བསྒྱུར།