ཞི་ཅིན་ཕིང་གིས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི་ཁཱ་ནཱ་ཨར་ལ་མཇལ་འཕྲད་གནང་།
2025.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེ་གའི་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི་ཁཱ་ནཱ་ཨར་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ངས་ཀྲུའུ་ཞི་བློ་མཐུན་དང་མཉམ་དུ་ཐེངས་མང་པོར་གྲོས་མོལ་བྱས་ནས། ཀྲུང་གོ་དང་ཁུ་པའི་འབྲེལ་བ་དེ་ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་དང་འཐབ་ཇུས་མཉམ་ལས་ཇེ་ཟབ། དམངས་འདོད་རྨང་གཞི་ཇེ་བརྟན་བཅས་ཀྱི་དུས་རིམ་གསར་པར་བསྐྱོད་པར་མཉམ་དུ་ཁྲིད་སྟོན་བྱས་པ་ཡིན། ད་ལོ་ནི་ཀྲུང་གོ་དང་ཁུ་པའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་རེ་ལྔ་འཁོར་བའི་ལོ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་ཁུ་པའི་བར་གྱི་མཛའ་བརྩེ་ཟབ་མོ་ཇེ་བརྟན་དུ་བཏང་ནས། ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་ལས་དམ་ཟབ་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་རྣམ་དག་གིས་རོགས་རེས་བྱེད་པའི་དཔེ་མཚོན་བསྐྲུན་འདོད་ཡོད། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་འགྲོ་འོང་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་དམ་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཁུ་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཚོན་རྟགས་གཙོ་བོར་འགྱུར་བར་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་དང་ལ་རྒྱར་སྲུང་སྐྱོབ་དང་། ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་བཀག་སྡོམ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཁུ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་གཙོ་བོ་ཡིན་པའི་ཆ་ནས། ཕྱོགས་གཉིས་ཀྱིས་གསེར་གྱོམ་དང་། ཀྲུང་གོ་དང་མེ་གླིང་ལྷོ་མ་དང་ཅཱ་ལི་པིས་རྒྱལ་ཁབ་ཀྱི་ཐུན་མོང་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། བཙན་དབང་ཆབ་སྲིད་དང་ཕྱོགས་རྐྱང་བཙན་ཤེད་ལ་ངོ་རྒོལ་བྱས་ཏེ། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་དགོས།

ས་གནས་དེ་གའི་ཟླ5པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་ཁུ་པ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི་ཁཱ་ནཱ་ཨར་ལ་མཇལ་འཕྲད་གནང་།

ཏི་ཡཱ་སི་ཁཱ་ནཱ་ཨར་གྱིས་བསྟན་དོན། ཁུ་པ་དང་ཀྲུང་གོ་ནི་བརྩེ་བ་ཟབ་པའི་གྲོགས་པོ་དང་སྤུན་ཟླ་ཡིན་ལ། ཁུ་པ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཁུ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཞུ་བཞིན་ཡོད། ཁུ་པའི་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་ཤུགས་བསྣན་ནས། མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བྱས་ཏེ། ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་སྒོས་བསྐྲུན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཁུ་པ་ཕྱོགས་ཀྱིས་གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་མོ་གསུམ་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།

ལྷ་མོ་འཚོས་བསྒྱུར།