ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལའོ་ལ་མཇལ་འཕྲད་གནང་།
2025.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེ་གའི་ཟླ5པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལའོ་ལ་མཇལ་འཕྲད་གནང་།

ས་གནས་དེ་གའི་ཟླ5པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལའོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ནི་ཕན་ཚུན་ཡིད་རྟོན་རུང་ལ་ཐུན་མོང་འཕེལ་རྒྱས་ཀྱི་གྲོགས་པོ་བཟང་པོ་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་འཕོ་འགྱུར་ཁྲོད་མཛའ་མཐུན་འབྲེལ་བ་བཙུགས་ཡོད། 2023ལོར། ང་ཚོས་མཉམ་དུ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་དུས་རྣམ་ཀུན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བར་འགྲོ་འོང་ཟབ་མོ་བྱས་པ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་ཡོང་འབབ་མུ་མཐུད་དུ་འཕར་སྣོན་བྱུང་ནས། དངུལ་གཏོང་མཉམ་ལས་དང་མི་གཞུང་བརྗེ་རེས་འཕེལ་རིམ་གསར་པར་སླེབས་པ་དང་། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་མཛའ་བརྩེ་མི་རྣམས་ཀྱི་སེམས་སུ་འཇགས་པར་བྱས། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་མཐོང་སྣེ་ནས་ཝེ་ནེ་ཙུའེ་ལའི་འབྲེལ་བར་ལྟ་བ་དང་དེ་འཕེལ་རྒྱས་བཏང་སྟེ། སྔར་བཞིན་བློ་རྩ་བརྟན་པོས་ཝེ་ནེ་ཙུའེ་ལཱའི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ། སྤྱི་ཚོགས་གཏན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཝེ་ནེ་ཙུའེ་ལའི་བར་གྱི་རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་མཐུད་སྒོས་ཟབ་སྤེལ་བྱེད་པ་དང་། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་སོགས་ལཱ་ཏིང་མེ་གླིང་རྒྱལ་ཁབ་དང་མཉམ་དུ། བློ་རྩ་བརྟན་པོས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱས་ཏེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལག་ལེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་འདོད་ཡོད། 

ས་གནས་དེ་གའི་ཟླ5པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མའོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བར་དྲན་གསོ་དང་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལའོ་ལ་མཇལ་འཕྲད་གནང་།

མཱ་ཏུའུ་ལའོ་ཡིས་བསྟན་དོན། ཀྲུང་གོ་ནི་ཝེ་ནེ་ཙུའེ་ལའི་རླབས་ཆེན་གྱི་གྲོགས་པོ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཝེ་ནེ་ཙུའེ་ལས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་རྒྱབ་སྐྱོར་དང་རོགས་རམ་གང་མང་བྱས་པར་བཀའ་དྲིན་ཞུས་པ་ཡིན། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་དུས་རྣམ་ཀུན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་དང་། ཚོང་དོན་དང་ནུས་ཁུངས། ཞིང་ལས། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། དངོས་ཡོད་གྲུབ་འབྲས་མང་པོ་ལེན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་པའི་རེ་བ་བཅངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལྟ་བ་དེས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་མདུན་ལམ་གསལ་བོ་བསྟན་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད། 

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས། 

ལྷ་མོ་འཚོས་བསྒྱུར།