ཞིང་ཆེན་སྲིད་གྲོས་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སྐབས་གསུམ་པ་བསྡུས།
2025.05.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5ཚེས8ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སྐབས་གསུམ་པ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་། ཝང་ཀྲིན་ཁྲང་། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། མཱ་ཡུའེ་ཞང་། ཞེ་པའོ་ཨིན་བཅས་ཚོགས་འདུར་ཞུགས་པ་དང་། ལས་ཁུངས་ཀྱི་ཁྲུའུ་རིམ་པ་གཞོན་པའི་ཡན་གྱི་ཏང་ཡོན་ལས་བྱེད་པ་གྲོས་ཚོགས་སུ་ཞུགས།

ཚོགས་འདུའི་སྟེང《ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》དང《ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པའི་ཕན་འབྲས་དང་ཉམས་མྱོང》སོགས་ཀྱི་ནང་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་།    ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་དཔེ་མཚོན་གྱོད་དཔེ་དང་ཞིང་ཆེན་སྲིད་གྲོས་ཀྱིས་སློབ་གསོ་སློབ་སྦྱོང་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། བློ་མཐུན་དྲུག་གིས“དམིགས་བསལ་སྨྲ་བ”དང‘ཁ་གསབ་ཀྱི་བསམ་པ”མཐའ་གཅིག་ཏུ་སེལ་བ་དང་། ནན་ཏན་དང་འབད་བརྩོན། སྤྱོད་གཙང་བཅས་ཀྱི་སྒོ་ནས་བྱ་བ་སྒྲུབ་པར”དམིགས་ནས་གྲོས་སྡུར་དང་བརྗེ་རེས་བྱས།

ཚོགས་འདུ་ལས་བསྟན་དོན། ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་བྱས་ཏེ“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པ་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་སློབ་གསོའི་དམིགས་འབེན་དང་ལས་འགན་ལ་དམ་དུ་དམིགས་ཏེ། སྒྲིག་གཞི་འཐུས་ཚང་དང་འགན་འཁྲི་གསལ་བོ་བྱས་པ་དང་། རྩ་འཛུགས་ཞིབ་མོ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས།    སློབ་སྦྱོང་དང་ཞིབ་བཤེར་བཅོས་སྒྱུར་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་འཆར་འགོད་གཏིང་ཟབ་བྱས་པ་དང་།    མ་ལག་གི་འདུ་ཤེས་དང་ཡང་དག་པའི་བསམ་གཞིགས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། སློབ་སྦྱོང་སློབ་གསོའི་བྱ་བ་སྣ་ཚོགས་བརྟན་པོ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་དགོས། “གཏན་ཕབ་གཉིས”ལ་གོང་བཀུར་དང“སྲུང་སྐྱོང་གཉིས”སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐབས་ཇུས་བཀོད་སྒྲིག་དང་དམིགས་འབེན་བླང་བྱའི་སྟེང་གཅིག་བསྡུས་བྱེད་དགོས། རྩད་གཅོད་གསལ་བོ་བྱས་ཏེ་དངོས་གནས་བཅོས་སྒྱུར་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་གཞིར་བཟུང་ནས་ཞིབ་འཇུག་དང་བརྡར་གཅོད་ནན་ཏན་བྱེད་པ་དང་།   བཤེར་འདོན་གནད་ལ་འཁེལ་བ།    རྣམ་གྲངས་རེ་རེ་དང་དོན་ཚན་རེ་རེ་ཞིབ་བསྡུར་བཅས་བྱས་ཏེ།  ལྟེ་བར་དམིགས་པ་དང་གནད་འགག་དམ་འཛིན་བྱས་ནས།    ཞིབ་བཤེར་བྱེད་ཞོར་དུ་ལེགས་བཅོས་བྱེད་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་དགོས།  སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་མགོ་བརྩམས་ཏེ། གཙོ་གནད་ཀྱི་ལས་འགན་ལ་དོ་སྣང་ཆེན་པོ་བྱེད་པ་དང་། འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ལོ་འཁོར་གྱི་གྲོས་མོལ་སྲིད་གླེང་འཆར་གཞིར་སྐུལ་འདེད་ཡག་པོ་བྱས་ཏེ།    སློབ་སྦྱོང་སློབ་གསོ་དང་འགན་འཁྲི་ལག་བསྟར་མངོན་འགྱུར་བྱེད་པར་གྲུབ་འབྲས་བཟང་པོ་ལེན་པར་ཁག་ཐེག་བྱེད་དགོས།  སྤྱོད་ཚུལ་བསྒྱུར་དགོས། སློབ་སྦྱོང་སློབ་གསོའི་མགོ་རྩོམ་ས་དེ་བྱ་བའི་སྤྱོད་ཚུལ་བསྒྱུར་བའི་ཐད་བཞག་ནས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་དངོས་སུ་དམ་འཛིན་བྱས་ཏེ། གནད་དོན་གང་ཞིག་ཡོད་ན་གནད་དོན་དེ་ཐག་གཅོད་བྱེད་པ་དང་། གནད་དོན་གང་ཞིག་འབུར་དུ་ཐོན་ན་གནད་དོན་དེ་གཙོ་གནད་དུ་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་རྣམ་པ་བཅས་བརྟན་པོར་འཛུགས་པ་དང་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ།    སྤྱོད་ཚུལ་བཟང་པོ་ཞིག་གི་ཐོག་ནས་སྣང་བརྙན་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་གྲུབ་འབྲས་བཟང་པོ་བརྩོན་ལེན་བྱེད་དགོས།

ཤ་བོ་རིན་མཚོས་བསྒྱུར།