མགོན་པོ་བཀྲ་ཤིས་ཀྱིས་ཧྲུའུ་ཀྲུའུ་རྫོང་གི་བྱ་བར་ལྟ་སྐུལ་རྟོག་ཞིབ་བྱས།
2025.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས7ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས། ཧུའུ་ཀྲུའུ་རྫོང་དང་ཏུང་ཀོའུ་ཡུལ་ཚོ་ཙན་ཀྲ་སྡེ་བས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏོང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

མགོན་པོ་བཀྲ་ཤིས་ཀྱིས་རྫོང་རིམ་པའི་སློབ་སྦྱོང་སློབ་གསོར་གནས་མང་བ་དང་ཁྱབ་རྒྱ་ཆེ་བ། རྒྱུན་རིང་བ། གྲངས་འབོར་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ལ། གཞི་རིམ་བཅོས་སྐྱོང་གི་འཐབ་ཕྱོགས་དང་པོ་དང་མི་རིགས་མཐུན་སྒྲིལ་གྱི་འཐབ་ཕྱོགས་དང་པོ་རུ་གནས་ཡོད་པའི་དབང་གིས། མང་ཚོགས་དང་འབྲེལ་བ་སྔར་ལས་དམ་ཟབ་བྱེད་ས་དང་ཐད་ཀར་མང་ཚོགས་ལ་ཞབས་འདེགས་ཞུ་ས་ཡིན་པ་དང་། མང་ཚོགས་ཀྱིས་རེ་ལྟོས་བྱེད་ཚད་ཀྱང་མཐོན་པོ་ཡིན། རིམ་པོ་སོ་སོའི་ཏང་རྩ་འཛུགས་ཀྱིས“མགོ་ཁྲིད་གཙོ་བོ”དང“འགན་འཁུར་པ་དང་པོའི”འགན་འཁྲི་ཡག་པོར་འཁུར་དགོས་པ་དང་། འཆར་འགོད་བཀོད་སྒྲིག་ཡག་པོ་འཐེན་པ། སློབ་སྦྱོང་གྲོས་སྡུར་ལ་ལྟ་སྐུལ་བྱེད་པ། བརྟག་དཔྱད་ཞིབ་འཇུག་དང་གནད་དོན་ལ་ཞིབ་བཤེར་བྱས་ནས་རྙེད་པར་བྱེད་པ། དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ལས་འགན་ཁག་གཏིང་ཟབ་དང་ཞིབ་ཕྲའི་ངང་སྤེལ་ཐུབ་པར་སྣེ་ཁྲིད་ཡག་པོ་བྱེད་དགོས་པ་ལས་གཞན། དཔེ་སྟོན་ཡག་པོ་བྱེད་དགོས། སློབ་སྦྱོང་སློབ་གསོ་དེ་བྱེ་བྲག་གི་ལས་འགན་དང་བྱ་བའི་བླང་བྱ་སོགས་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ། གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བ། དེ་བཞིན་དཀའ་ཁག་ཆེ་བའི་ལས་འགན་གཞན་དག་ཡོངས་འགྲུབ་བྱེད་པའི་ཁྲོད་འགན་ཡག་པོར་འཁུར་ནས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ཟབ་མོ་བྱས་ནས་གནས་ལུགས་ཀྱི་མཐིལ་རྟོགས་པར་བྱེད་པ་དང་རང་དཔེ་གཞན་སྟོན་བྱེད་པ། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་རུ་སོང་ནས་རྟོག་ཞིབ་བྱེད་པ་བཅས་ཀྱི་ཐད་ནས་ཁྲིད་སྟོན་གང་ལེགས་བྱས་ཏེ། གཙོ་གནད་ཐོག་“གསལ་པོར་ངེས་དགོས་པ་གཉིས”ཀྱི་བླང་བྱ་ལ་དམ་པོར་དམིགས་ནས། མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི། དཀའ་ཁག རེ་འདུན་བཅས་ལ་གཟབ་ཉན་བྱས་ཏེ། གནད་དོན་མ་ནོར་བའི་སྒོ་ནས་བཙལ་ཏེ་དེ་བསྟུན་གྱི་ཐབས་ཇུས་བཏོན་ནས། སྒྱུར་འཕེལ་བརྟན་གསུམ་དང་དམངས་ཇུས་དམངས་ཚིས་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་ཅིག་ཐག་གཅོད་ཧུར་ཐག་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་སློབ་སྦྱོང་སློབ་གསོ་ལས་ཐོབ་པའི་འགྱུར་ལྡོག་གསར་པ་དང་ཕན་འབྲས་གསར་པ་དངོས་སུ་ཚོར་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།