ཟླ5པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཁཱ་ཉི་ལ་གློག་འཕྲིན་བཏང་ནས། ཁོས་ཁ་ན་ཏའི་ཙུང་ལིའི་འགན་ཁུར་བར་རྟེན་འབྲེལ་ཞུས།
ལིས་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཀྱིན་ཡོད། ངས་ཙུང་ལི་ཁཱ་ཉི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ད་ལོའི་ཀྲུང་གོ་དང་ཁ་ན་ཏའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ང་ལྔ་འཁོར་བ་དང་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་བ་གོ་སྐབས་སུ་བརྩི་བ་དང་། འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་སྟེང་། ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད།
ལྷ་མོ་འཚོས་བསྒྱུར།