རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཅེས་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས།
2025.05.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཅེས་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས13ཉིན་པེ་ཅིང་དུ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཅེས་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དེ་རྒྱལ་ཁབ་འཕེལ་རྒྱས་སྤྱི་ཡོངས་ཀྱི་གོ་གནས་གཙོ་བོར་བཞག་ཡོད་པ་དང་། 2035ལོར་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུའི་འབད་འཐབ་དམིགས་འབེན་གསལ་བོར་བཏོན་ཡོད་ལ། ཚན་སློབ་རྒྱལ་དར་འཐབ་ཇུས་དང་འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས། གསར་་གཏོད་སྒུལ་ཤུགས་འཕེལ་རྒྱས་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཤིང་། ཚན་རྩལ་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། དུས་རབས་གསར་པར་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཐད་གྲུབ་འབྲས་གལ་ཆེན་བླངས་ཡོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྣམ་པ་གསར་པའི་རྒྱལ་ཁབ་དར་རྒྱས་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་གྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ། སློབ་གསོ་དང་ཚན་རྩལ་གྱི་འཇོན་མིའི་ལམ་ལུགས་རྐྱེན་སྲོལ་གྱི་གཞི་གཅིག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་མཉམ་ལས་སྤེལ་བ་བཅས་ལ་དམིགས་ནས། རྟོག་ཞིབ་སྲིད་གླེང་ནན་མོ་བྱེད་པ་དང་། ཧུར་ཐག་གིས་གྲོས་མོལ་བློ་འདོན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། དུས་རབས་གསར་པའི་ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱི་གཏམ་རྒྱུད་ཡག་པོར་བཤད་དེ། སྤྱི་ཚོགས་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བརྒྱ་ལ་ཉེ་བ་ཚོགས་འདུར་ཞུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ཆེད་དོན་རྟོག་ཞིབ་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ལ། སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པ་ཉེར་བཞིས་གཏམ་བཤད་དེ། རྣམ་པ་གསར་པའི་རྒྱལ་ཁབ་དར་རྒྱས་ལམ་ལུགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པ། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་རྣམ་པ་ལེགས་སྒྱུར་བྱེད་པ། རྨང་གཞིའི་ཞིབ་འཇུག་དང་བེད་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་བྱ་བ་ལེགས་པོར་སྒྲུབ་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱེད་པ། སློབ་གསོ་དང་ཚན་རྩལ་འཇོན་མིའི་བྱ་གཞག་འཕེལ་རྒྱས་ལ་གཞི་གཅིག་སྐུལ་འདེད་གཏོང་བ། ཚན་རྩལ་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གྲོས་མོལ་བློ་འདོན་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག རང་རྒྱལ་གྱིས་ཚན་རྩལ་གསར་གཏོད་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཐད་ཕན་འབྲས་ལེགས་པོ་བླངས་ཡོད་ལ། ཁྱབ་ཁོངས་གཙོ་བོའི་གསར་གཏོད་གྲུབ་འབྲས་རིམ་གྱིས་མངོན་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་ཀྱིས་སྤུས་ཤུགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚན་རྩལ་གསར་གཏོད་སྣེ་ཁྲིད་དང་དངོས་ཕུང་དཔལ་འབྱོར་རྩ་བའི་རྨང་གཞི་རུ་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱེད་པར་ཤུགས་སྣོན་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། སྤུས་ཚད་མཐོ་བའི་ཚན་རྩལ་གྱི་འདོན་སྤྲོད་ཇེ་མང་དུ་གཏོང་བ་དང་། ཁེ་ལས་ཀྱི་གསར་གཏོད་གོ་གནས་གཙོ་བོ་ཇེ་བརྟན་དུ་བཏང་ནས། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་ནུས་པ་མཐོར་འདེགས་གཏོང་དགོས། མི་ཐབས་རིག་ནུས་ཀྱིས་དངོས་གཞིའི་དཔལ་འབྱོར་དང་རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྟོབས་ནུས་སྩོལ་བར་སྐུལ་འདེད་གཏོང་བ་དང་། མི་ཐབས་རིག་ནུས་དང་གཞི་གྲངས་ཅན་གྱི་ཚུལ་སྒྱུར་རིམ་སྤོར་ལ་མཐུན་སྦྱོར་སྒོས་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་སྣོན་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐེ་ཧྥིན་གྱིས་སྔ་དྲོའི་ཚོགས་འདུར་མགོ་འཛིན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཧྲིན་ཡའེ་ཡའེ། ཝང་ཡུང་། པཱ་ཐར། སུའུ་ཧོས། མུའུ་ཧུང་། ཝང་ཏུང་ཧྥིན། ཀྲུའུ་ཡུང་ཞིན་བཅས་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞིར་ཉན་ཞིང་། སྲིད་གྲོས་ཨུ་ཡོན་དང་མཉམ་དུ་གྲོས་མོལ་བརྗེ་རེས་བྱས།

ལྷ་མོ་འཚོས་བསྒྱུར།