ཀྲའོ་ལི་ཅི་ཡིས་པ་ཞིའི་ཙུང་ཐུང་ལུའུ་ལཱར་མཇལ་འཕྲད་གནང་།
2025.05.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་པ་ཞིའི་ཙུང་ཐུང་ལུའུ་ལཱར་མཇལ་འཕྲད་གནང་།

ཟླ5པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་པ་ཞིའི་ཙུང་ཐུང་ལུའུ་ལཱར་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ན་ནིང་ཟླ་བཅུ་གཅིག་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ཞི་ལ་ལེགས་འགྲུབ་ཀྱི་རྒྱལ་དོན་འཚམས་འདྲི་གནང་ནས། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལག་གདང་སྦྲེལ་ནས་སྔར་ལས་དྲང་གཞག་གི་འཛམ་གླིང་དང་སྔར་ལས་རྒྱུན་མཐུད་ཀྱི་པ་ཞི་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུར་རིམ་པ་སྤར་བ་དང་། ཀྲུང་གོ་དང་པ་ཞིའི་འབྲེལ་བའི་ལེའུ་གསར་པ་ཞིག་གི་མགོ་བརྩམས། ཀྲུང་གོ་ཕྱོགས་ཀྱིས་པ་ཞིའི་བར་གྱི་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་པ་ཞིའི་ལས་སྐལ་གཅིག་མཐུན་ཚོགས་པའི་དུས་རབས་ཀྱི་དོན་སྙིང་དང་འཐབ་ཇུས་ཀྱི་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་པ་ཞིའི་རྒྱལ་ཚོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་ལག་བསྟར་བྱས་ཏེ། བརྗེ་རེས་རྐྱེན་སྲོལ་གྱི་སྟེགས་བུའི་ནུས་པ་བཏོན་ནས། ཁྲིམས་འཛུགས་དང་ལྟ་སྐུལ་གྱི་ཉམས་མྱོང་བརྗེ་རེས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས།

ལུའུ་ལཱ་ཡིས་བསྟན་དོན། ཁྲིམས་འཛུགས་ལས་ཁུངས་བར་དུ་བརྗེ་རེས་དམ་ཟབ་བྱ་རྒྱུ་དེ་པ་ཞི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གནད་གལ་ཆེན་ཞིག་ཡིན། པ་ཞི་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱ་རྒྱུར་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་ལ་མཉམ་དུ་ཁ་གཏད་འཇལ་བ་དང་། པ་ཞི་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཤ་བོ་རིན་མཚོས་བསྒྱུར།