ཞི་ཅིན་ཕིང་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པའི་མགོ་རྩོམ་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
2025.05.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་། ཅ་ལི་པེ་རྒྱལ་ཁབ་བཅས་ཀྱི་གཅིག་མཐུན་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་། 

ཟླ5ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་། ཅ་ལི་པེ་རྒྱལ་ཁབ་བཅས་ཀྱི་གཅིག་མཐུན་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་། 

ཟླ5པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་། ཅ་ལི་པེ་རྒྱལ་ཁབ་བཅས་ཀྱི་གཅིག་མཐུན་ཚོགས་པའི་གླེང་སྟེགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་། ཞི་ཅིན་ཕིང་གིས་ཀྲུང་གོས་ལཱ་ཏིང་མེ་གླིང་དང་ལག་གདང་མཉམ་སྦྲེལ་གྱིས་བཟོ་སྐྲུན་ཆེན་པོ་ལྔ་ལག་བསྟར་བྱས་ཏེ། དར་རྒྱས་གོང་འཕེལ་མཉམ་གཉེར་བྱས་ནས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་མཛད།དབྱར་མགོ་མར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་ཡོད། རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་། ཅ་ལི་པེ་རྒྱལ་ཁབ་བཅས་ཀྱི་རྒྱལ་དར་དང་འབྲེལ་ཡོད་ས་ཁུལ་རྩ་འཛུགས་ཀྱི་དར་ཆར་བཀྲག་མདངས་རྣམ་པར་བཀྲ་ཡོད།

ཟླ5ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་། ཅ་ལི་པེ་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་གླེང་སྟེགས་ཀྱི་པུའུ་ཀྲང་གྲོས་ཚོགས་སྐབས་བཞི་པའི་མཛད་སྒོར་ཞུགས་ཏེ་གཙོ་དོན་གསུང་བཤད་གནང་། འདི་ནི་ཞི་ཅིན་ཕིང་གིས་སྐུ་མགྲོན་ཚོགས་པ་དང་མཉམ་དུ་བསྐྱོན་པའི་པར་རེད།

ཞི་ཅིན་ཕིང་གིས་ལཱ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐི་ལའོ་དང་། པ་ཞིའི་ཙུང་ཐུང་ལུའུ་ལཱ། ཀྲི་ལིའི་ཙུང་ཐུང་པའོ་ལིས་ཆི། ལཱ་ཏིན་མེ་གླིང་དང་ཅ་ལིས་པེ་རྒྱལ་ཁབ། ས་ཁུལ་རྩ་འཛུགས་བཅས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་བཅས་དང་ཕྱག་འཇུ་གནང་ནས་མཉམ་པར་བསྐྱོན།

སྤྲོ་སེམས་འཁོལ་བའི་དགའ་བསུའི་ཁྲོད་དུ། ཞི་ཅིན་ཕིང་གིས་ཁ་བྱང་ལ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་རྩོམ་དགོས་ཞེས་པའི་གཙོ་དོན་གསུང་བཤད་གནང་།

ཟླ5ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང། ཅ་ལི་པེ་རྒྱལ་ཁབ་བཅས་ཀྱི་གཅིག་མཐུན་ཚོགས་པའི་བགྲོ་གླེང་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་ནས་གཙོ་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། 2015ལོར། ང་ལཱ་ཏིང་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་ཀྱི་འཐུས་མི་དང་མཉམ་དུ། པེ་ཅིང་དུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐོག་མའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་བཙུགས་པ་ཁྱབ་བསྒྲགས་བྱས་པ་ཡིན། ལོ་ངོ་བཅུའི་རིང་ལ། ཕྱོགས་གཉིས་ཀྱིས་གསོ་སྐྱོང་ཞིབ་མོ་བྱས་པས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་དེ་གཉོམ་ཞིང་ནེམ་པའི་སྡོང་ཕྲུག་ཞིག་ནས་གྲོང་ངེར་འགྱེང་བའི་སྡོང་རྒན་ཞིག་ཏུ་གྱུར་ཡོད། ཕྱོགས་གཉིས་ཀྱིས་དཔུང་བ་མཉམ་གཤིབ་དང་ཕན་ཚུན་རོགས་འདེགས་བྱས་པ་དང་། ལཱ་ཏིང་མེ་གླིང་དང་ཅ་ལི་པེ་ཡི་ཀྲུང་གོའི་བར་དུ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་དག་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལཱ་ཏིང་མེ་གླིང་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བརྟན་པོ་བྱས་ཡོད་ལ། ལཱ་ཏིང་མེ་གླིང་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་རང་ཚུགས་ལ་སྲུང་སྐྱོབ་བྱེད་པ་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ཕྱོགས་གཉིས་ཀྱིས་ཞུམ་མེད་མདུན་སྐྱོད་དང་མཉམ་ལས་མཉམ་རྒྱལ་བྱས་ཏེ། དཔལ་འབྱོར་འཛམ་གླིང་ཅན་གྱི་གནས་བབ་དང་བསྟུན་པ་དང་། ཉོ་ཚོང་དང་། དངུལ་གཏོང་། དངུལ་རྩ། ཚན་རྩལ། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱས་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་རོགས་རེས་དང་དཀའ་ཁག་མཉམ་སེལ་གྱིས་གནོད་འགོག་གནོད་སེལ་བྱ་བ་ཧུར་ཐག་སྒོས་བསྒྲུབས་ནས། ལག་གདང་མཉམ་སྦྲེལ་གྱིས་དྲག་རླུང་དང་། ས་ཡོམ་སོགས་རང་བྱུང་གནོད་འཚེ་དང་འཛམ་གླིང་གི་རིམས་ནད་ལ་ཁ་གཏད་འཇལ་ཡོད། ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་དང་དཔའ་སྐྱེད་ཁག་ཁུར་གྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་མཉམ་དུ་སྲུང་སྐྱོབ་བྱས་པ་དང་། འཛམ་གླིང་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོའི་རང་བཞིན་ལ་སྐུལ་འདེད་བཏང་ཡོད། ལག་ལེན་ལས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་ནི་དཔུང་གདང་མཉམ་གཤིབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པར་གྱུར་ཡོད་པ་དང་། དེའི་མངོན་པར་གསལ་བའི་ངོ་བོ་ནི་ནི་ཕན་ཚུན་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དེ་ཡིན་ལ། སྒུལ་ཤུགས་དྲག་པོ་ནི་གཉིས་ཕན་མཉམ་རྒྱལ་དེ་ཡིན་ཞིང་། བློ་ཁོག་ཡངས་པོ་ནི་སྒོ་འབྱེད་བཟོད་སྒོམ་ཡིན་པ་དང་། རྩ་བའི་རེ་སྙེག་ནི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་པས། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པོ་ཡོད་པ་ར་སྤྲོད་བྱུང་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བ་དང་། ཉེན་ཁ་སྣ་ཚོགས་གཅིག་འབྲེལ་ཏུ་གནས་ཡོད་པས། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་མཉམ་ལས་བྱས་ན། ད་གཟོད་འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱ་ཐུབ་ཅིང་། འཛམ་གླིང་གི་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཐུབ། སྒོ་ཁྲལ་འཐབ་ཇུས་དང་ཉོ་ཚོང་འཐབ་ཇུས་ལ་རྒྱལ་ཁ་ལེན་མཁན་ཡོད་མི་སྲིད་པ་དང་། བཙན་དབང་གཉའ་གནོན་གྱིས་རང་ཉིད་ཁེར་རྐྱང་དུ་འགྱུར་བར་བྱེད་ངེས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་། ཅ་ལི་པེ་རྒྱལ་ཁབ་བཅས་ཚང་མ་འཛམ་གླིང་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་གལ་ཆེན་ཞིག་ཡིན་ལ། རང་ཚུགས་རང་བདག་ནི་ང་ཚོའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཞིག་ཡིན་ཞིང་། འཕེལ་རྒྱས་དར་རྒྱས་ནི་ང་ཚོའི་ལྷན་སྐྱེས་ཀྱི་ཁེ་དབང་དང་། འདྲ་མཉམ་དྲང་གཞག་ནི་ང་ཚོའི་ཐུན་མོང་གི་རེ་སྙེག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལཱ་ཏིང་མེ་གླིང་དང་ལག་གདང་མཉམ་སྦྲེལ་གྱིས་བཟོ་སྐྲུན་ཆེན་མོ་ལྔ་ལས་མགོ་བརྩམས་ཏེ། མཉམ་དུ་འཕེལ་རྒྱས་དར་རྒྱས་ལ་འཆར་འགོད་བྱས་ཏེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད།

གཅིག་ནི་མཐུན་སྒྲིལ་ལས་དོན་ཡིན་ཏེ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་ཆེས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་ལ་རོགས་འདེགས་བྱེད་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་རྩ་ཁྲིམས་རྨང་གཞི་རུ་བྱས་པའི་རྒྱལ་སྤྱིའི་སྒྲིག་རིམ་ལ་སྲུང་སྐྱོབ་བརྟན་པོ་བྱས་ནས། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་ཐུན་མོང་གི་རེ་མདུན་མཚོན་པར་བྱེད་དགོས། མ་འོངས་པའི་ལོ་གསུམ་གྱི་ནང་དུ། ཀྲུང་གོ་ཕྱོགས་ཀྱིས་ལོ་རེར་ལཱ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཏང་སྲིད་ལས་བྱེད་པ་སུམ་བརྒྱ་ལྷག་ཀྲུང་གོར་རྟོག་ཞིབ་འཚམས་འདྲིར་ཡོང་བར་གདན་འདྲིན་ཞུ་རྒྱུ་ཡིན།

གཉིས་ནི་འཕེལ་རྒྱས་ལས་དོན་ཡིན་ཏེ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་གཞི་མཉམ་དུ་དངོས་འབེབས་བྱེད་པ་དང་། ཕྱོགས་མང་ཉོ་ཚོང་རྐྱེན་སྲོལ་ལ་སྲུང་སྐྱོབ་བརྟན་པོ་བྱེད་པ། གོ་ལ་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་པོ་གེགས་མེད་ཡོང་བར་སྲུང་སྐྱོབབྱས་ནས། སྒོ་འབྱེད་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལཱ་ཏིང་མེ་གླིང་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱས་ཏེ། ཀྲུང་གོའི་ཁེ་ལས་ཀྱིས་ལཱ་ཏིང་མེ་གླིང་ཕྱོགས་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བར་སྐུལ་མ་གཏོང་རྒྱུ་ཡིན།

གསུམ་ནི་དཔལ་ཡོན་ལས་དོན་ཡིན་ཏེ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་གཞི་མཉམ་དུ་དངོས་འབེབས་བྱེད་པ་དང་། འདྲ་མཉམ་དང་དཔེ་ལྟ། གྲོས་མོལ། བཟོད་སྒོམ་བཅས་ཀྱི་དཔལ་ཡོན་ལྟ་བ་བཙུགས་ནས། ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་གཞག དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་ལྟ་བ་དར་སྤེལ་གཏོང་དགོས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་བར་གྱི་དཔལ་ཡོན་བརྗེ་རེས་དང་དཔེ་ལྟ་བྱེད་པར་ཤུགས་བསྣན་ཏེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་དཔལ་ཡོན་གྲོས་མོལ་གྱི་ཚོགས་ཆེན་བསྡུ་དགོས།

བཞི་ནི་ཞི་བདེའི་ལས་དོན་ཡིན་ཏེ། འཛམ་གླིང་བདེ་འཇགས་གྲོས་གཞི་མཉམ་དུ་དངོས་འབེབས་བྱེད་པ་དང་། གནོད་འཚེ་བཅོས་སྐྱོང་དང་། དྲ་རྒྱའི་བདེ་འཇགས། འཇིགས་སྐུལ་ངོ་རྒོལ། རུལ་སུངས་ངོ་རྒོལ། དུག་འགོག  རྒྱལ་ཁོངས་བརྒལ་བའི་ནག་ཉེས་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་སོགས་མཉམ་ལས་བྱ་བར་ཤུགས་བསྣན་ཏེ། ས་གནས་ཀྱི་བདེ་འཇགས་བརྟན་འཇགས་ལ་འབད་པས་སྲུང་སྐྱོབ་བྱེད་དགོས།

ལྔ་ནི་དམངས་སེམས་ལས་དོན་ཡིན་ཏེ། མ་འོངས་པའི་ལོ་ངོ་གསུམ་གྱི་ནང་དུ། ཀྲུང་གོ་ཕྱོགས་ཀྱིས་ལཱ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ལ་སྲིད་གཞུང་གི་སློབ་རོགས་བྱ་དགའ་མིང་ཐོ་སུམ་སྟོང་ལྔ་བརྒྱ་དང་། ཀྲུང་གོ་ནས་གསོ་སྦྱོང་སྤེལ་བའི་མིང་ཐོ་ཁྲི་གཅིག རྒྱལ་སྤྱིའི་རྒྱའི་སྐད་ཡིག་དགེ་རྒན་གྱི་སློབ་རོགས་བྱ་དགའི་མིང་ཐོ་བརྒྱ། དབུལ་སེལ་ལག་རྩལ་འཇོན་མི་གསོ་སྐྱོང་གི་མིང་ཐོ་སུམ་བརྒྱ། རྒྱ་སྐད་འབྲེལ་ཟམ་གྱི་རྣམ་གྲངས་ཐད་ཀྱི་ཀྲུང་གོའི་ཚོགས་སྐོར་མིང་ཐོ་སྟོང་གཅིག  དམངས་ཚིས་རྣམ་གྲངས་སུམ་བརྒྱ་བཅས་ལག་བསྟར་བྱས་ནས། ལཱ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་བར་རྒྱའི་སྐད་ཡིག་གི་སློབ་གསོ་སྤེལ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མར་ལཱ་ཏིང་མེ་གླིང་དང་ཅ་ལི་པེ་ས་ཁུལ་གྱི་རྒྱལ་ཁབ་ལྔ་ལ་ཐོངས་མཆན་མི་དགོས་པར་བྱ་རྒྱུ་ཡིན་ལ། འོས་འཚམ་གྱི་དུས་སུ་ས་ཁུལ་གྱི་རྒྱལ་ཁབ་ཡོངས་ལ་ཁེབས་པར་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དུས་ནམ་ཡང་ལཱ་ཏིང་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་པོ་དང་། ཟླ་གྲོགས་བཟང་པོ་བྱེད་རྒྱུ་ཡིན། དེར་མ་ཟད་ལཱ་ཏིང་མེ་གླིང་དང་མཉམ་དུ་རང་སོ་སོའི་དེང་རབས་ཅན་གྱི་སྐྱོད་ལམ་སྟེང་དཔུང་བ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་ནས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་མཉམ་དུ་འབྲི་རྒྱུ་ཡིན།

ཟླ5ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་དང་། ཅ་ལི་པེ་རྒྱལ་ཁབ་གཅིག་མཐུན་ཚོགས་པའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་། འདི་ནི་ཞི་ཅིན་ཕིང་ཚོགས་ཞུགས་སྐུ་མགྲོན་དང་ལྷན་དུ་མགོ་རྩོམ་མཛད་སྒོར་ཞུགས་པའི་རྣམ་པ་རེད།

ཟླ5ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་དང་། ཅ་ལི་པེ་རྒྱལ་ཁབ་གཅིག་མཐུན་ཚོགས་པའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པའི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་། འདི་ནི་ཞི་ཅིན་ཕིང་ཚོགས་ཞུགས་སྐུ་མགྲོན་དང་ལྷན་དུ་མགོ་རྩོམ་མཛད་སྒོར་ཞུགས་པའི་རྣམ་པ་རེད།

ལཱ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐི་ལའོ་དང་། པ་ཞིའི་ཙུང་ཐུང་ལུའུ་ལཱ། ཀྲི་ལིའི་ཙུང་ཐུང་པའོ་ལིས་ཆི། གསར་སྤེལ་དངུལ་ཁང་གི་འགོ་གཙོ་སྟེ་པ་ཞིའི་ཙུང་ཐུང་ཟུར་པ་ལོ་སའེ་ཧྥུའུ་བཅས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ལཱ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་འདེམ་སྒུག་རྒྱལ་ཁབ་ཝུའུ་ར་ཀུའེ་ཡི་ཙུང་ཐུང་ཨོ་ཨར་ཞི་ཡིས་དམིགས་བསལ་འཐུས་མིའི་མིང་ཐོག་ནས་ཙུང་ཐུང་གི་རྟེན་འབྲེལ་འཕྲིག་ཡིག་སྒྲོག་འདོན་བྱས། ཁོ་ཚོས་ལཱ་ཏིང་མེ་གླིང་དང་ཀྲུང་གོའི་གླེང་སྟེགས་ཀྱི་ལོ་ངོ་བཅུའི་འཕེལ་རྒྱས་ཀྱིས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཤིང་། ཀྲུང་གོས་ལཱ་ཏིང་མེ་གླིང་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ལཱ་ཏིང་མེ་གླིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བྱས་རྗེས་གལ་ཆེན་བཞག་པར་བསྟོད་བསྔགས་བྱས། ཕྱོགས་སོ་སོས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་བསྐྱར་སྒྲོག་བྱས། ཕྱོགས་སོ་སོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་འཛམ་གླིང་ཧྲིལ་པོའི་གྲོས་གཞི་ཆེན་མོ་གསུམ་གྱིས་འཛམ་གླིང་ཞི་བདེའི་ངང་དར་རྒྱས་ཡར་ཐོན་ཡོང་བའི་མདུན་ལྗོངས་ཡངས་པོ་ཞིག་གསར་འབྱེད་བྱས་ཡོད། ངེས་གཏན་མིན་པའི་འཛམ་གླིང་ལ་ཁ་གཏོད་དགོས་ཚེ། ལཱ་ཏིང་མེ་གླིང་དང་ཀྲུང་གོས་ལག་གདང་མཉམ་སྦྲེལ་གྱིས་མཉམ་ལས་བྱེད་པ་དང་། སྐྱིད་སྡུག་མཉམ་མྱོང་བྱས་ནས། ལཱ་ཏིང་མེ་གླིང་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་ནས་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ལེན་དགོས་ཤིང་། ལཱ་ཏིང་མེ་གླིང་དང་ཀྲུང་གོའི་མཉམ་ལས་ཀྱི་འབྱུང་འགྱུར་ཡག་པོ་མཉམ་སྐྲུན་བྱེད་དགོས། ལཱ་ཏིང་མེ་གླིང་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་བྱས་ཏེ། ཕྱོགས་སོ་སོའི་རང་བདག་དང་རང་བདག་གདམ་གསེས་ཀྱི་འཕེལ་རྒྱས་བགྲོད་ལམ་ལ་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། ལཱ་ཏིང་མེ་གླིང་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་འཐབ་ཇུས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། ཉོ་ཚོང་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས། ཞིང་ལས། ཚན་རྩལ། ནུས་ཁུངས་གསར་པ། སློབ་གསོ་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་ཡིན། དཔལ་ཡོན་བརྗེ་རེས་དང་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ། ལཱ་ཏིང་མེ་གླིང་དང་ཀྲུང་གོའི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བརྟན་པོ་བྱས་ཏེ། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས། བཙན་དབང་ཆབ་སྲིད་དང་བཙན་འཛུལ་ཐབས་ལམ་བཅས་ལ་ངོ་རྒོལ་བྱས་ནས། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་གིས་ཚོགས་འདུར་ཞུགས་པའི་ལཱ་ཏིང་མེ་གླིང་ཕྱོགས་ཀྱི་མགོ་ཁྲིད་པ་དང་འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོར་དགའ་བསུའི་གསོལ་སྟོན་བཤམས།

ཚའེ་ཆི་དང་དབྱིན་ལིས་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།

ཝང་དབྱི་ཡིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།