ཟླ5པའི་ཚེས14ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པར་ཞུགས་པའི་ཁོ་ལོམ་པི་ཡའི་སྲིད་འཛིན་ཕེ་ཐི་ལའོ་ལ་མཇལ་འཕྲད་གནང་།
ཟླ5པའི་ཚེས14ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པར་ཞུགས་པའི་ཁོ་ལོམ་པི་ཡའི་སྲིད་འཛིན་ཕེ་ཐི་ལའོ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཁོ་ལོམ་པི་ཡ་ནི་ལཱ་ཏིང་མེ་གླིང་གི་རྒྱལ་ཁབ་གལ་ཆེན་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་དུས་ནམ་ཡང་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འབྲེལ་བར་ལྟ་སྟངས་འཛིན་གྱིན་ཡོད། ད་ལོ་ནི་ཀྲུང་གོ་དང་ཁོ་ལོམ་པི་ཡའི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བའི་ལོ་རེད། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པ་ནས། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བཟང་པོའི་བདེ་སྐྱིད་བསྐྲུན་དགོས། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྲ་བརྟན་དུ་བཏང་ནས། འཐབ་ཇུས་འབྲེལ་བར་ཤུགས་སྣོན་པ་དང་ཕྱོགས་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་ཇེ་བརྟན་དུ་གཏོང་དགོས། ཁོ་ལོམ་པི་ཡ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཁྱིམ་ཚང་ཆེན་པོའི་ནང་དངོས་སུ་ཞུགས་པ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྤུས་ཚད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཁོ་ལོམ་པི་ཡའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ཁོ་ལོམ་པི་ཡར་བསྐྱོད་དེ་དངུལ་གཏོང་དང་ལས་རིགས་དར་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ནང་ཟབ་ཞུགས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རླུང་ནུས་དང་ནུས་ཁུངས་གསར་པའི་རླངས་འཁོར། གཞི་གྲངས་དཔལ་འབྱོར། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་རིམ་སྤོར་མཉམ་དུ་མངོན་འགྱུར་བྱ་དགོས། འབྲེལ་བ་བཙུགས་ནས་ལོ45འཁོར་བའི་རྟེན་འབྲེལ་བྱ་འགུལ་ཡག་པོར་སྤེལ་བ་དང་། སློབ་གསོ་དང་རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། མི་གཞུང་བརྗེ་རེས་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་དམངས་འདོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཁོ་ལོམ་པི་ཡའི་མཉམ་ལས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་ལ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པ་ལེགས་འགྲུབ་སྒོས་སྒྲུབ་པ་དེས་འཛམ་གླིང་གི་དར་རྒྱས་གོང་འཕེལ་ཐད་དགེ་མཚན་ལྡན་པའི་བརྡ་བཏང་ཡོད། ཁོ་ལོམ་པི་ཡ་ནི་ལཱ་ཏིང་མེ་གླིང་དང་ཅ་ལི་པེ་རྒྱལ་ཁབ་ཀྱི་ཐུན་མོང་སྒྲིག་གཞིའི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཚོགས་འདུ་ལེགས་འགྲུབ་སྒོས་སྒྲུབ་པར་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་དང་བཅས་པའི་ལཱ་ཏིང་མེ་གླིང་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།
ཟླ5པའི་ཚེས14ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པར་ཞུགས་པའི་ཁོ་ལོམ་པི་ཡའི་སྲིད་འཛིན་ཕེ་ཐི་ལའོ་ལ་མཇལ་འཕྲད་གནང་།
ཕེ་ཐི་ལའོ་ཡིས་བསྟན་དོན། ཁོ་ལོམ་པི་ཡ་དང་ཀྲུང་གོ་བར་གྱི་མཛའ་བརྩེའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པས། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཉོ་འཚོང་དང་རྨང་གཞིའི་སྒྲིག་བཀོད། ནུས་ཁུངས་གསར་པ། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་དགོས། མིག་སྔར། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་ལ། རྒྱལ་ཁབ་ཁ་ཤས་ཀྱིས་ཁེ་ཕན་ཁོ་ན་བསམ་པའི་བྱེད་སྟངས་དེ་འཛམ་གླིང་ལ་ཕན་པ་མེད་པས། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གྱིས་ཁ་གཏད་འཇལ་དགོས། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།
མཇལ་འཕྲད་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྒྱུད་དང་དུས་རབས21པའི་མཚོ་ཐོག་དར་གོས་ཚོང་ལམ་མཉམ་དུ་འཛུགས་སྐྲུན་བྱེད་པའི་མཉམ་ལས་འཆར་འགོད》བཀོད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།
ཤ་བོ་རིན་མཚོས་བསྒྱུར།