ཚའེ་ཆི་ཡིས་མོང་གོལ་མི་དམངས་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
2025.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ་མོང་གོལ་མི་དམངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སའོ་ཏི་པ་ཐར་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཟླ5པའི་ཚེས14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་པེ་ཅིང་དུ་མོང་གོལ་མི་དམངས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སའོ་ཏི་པ་ཐར་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཚའེ་ཆི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཧུའུ་རི་ལི་སུའུ་ཧི་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་མོང་གོལ་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བྱུང་ཡོད་པ་དང་། ཞི་བདེ་མཉམ་གནས་དང་ཕན་ཚུན་ལྟ་སྐྱོང་། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མོང་གོལ་བར་དུ་སྲིད་སྐྱོང་ཏང་གི་བརྗེ་རེས་གྲོས་མོལ་ལ་ཤུགས་སྣོན་པ་དང་། འཐབ་ཇུས་ཐད་ཀྱི་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ།    ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ།    མང་ཚོགས་དང་ཁྱད་པར་དུ་ན་གཞོན་བར་གྱི་འགྲོ་འོང་རྒྱ་བསྐྱེད་པ། ཏང་འཛུགས་སྐྲུན་ཐད་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཇེ་དྲག་ཏུ་བཏང་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།

སའོ་ཏི་པ་ཐར་གྱིས་བསྟན་དོན། མོང་གོལ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད། མོང་གོལ་དང་ཀྲུང་གོའི་དུས་ཡུན་རིང་འབྲིང་གི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་མོང་གོལ་གྱིས་ཕྱི་འབྲེལ་ཐད་སྔོན་ལ་འཛིན་པའི་ཁ་ཕྱོགས་ཡིན།     མོང་གོལ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་མཛའ་བརྩེའི་ལྷག་བསམ་དང་མཐའ་འཁོར་གྱི་ཕྱི་འབྲེལ་འདུ་ཤེས་ལྟ་བར་བསྔགས་བརྗོད་དང་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཏང་གི་ནུས་པ་བཏོན་ནས་མོང་གོལ་དང་ཀྲུང་གོའི་ཆབ་སྲིད་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།