ཟླ5པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཀྲི་ལིའི་སྲིད་འཛིན་པའོ་ལིས་ཆི་ལ་མཇལ་འཕྲད་གནང་།
ཟླ5པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཀྲི་ལིའི་སྲིད་འཛིན་པའོ་ལིས་ཆི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཀྲི་ལིའི་བར་འབྲེལ་བ་བཙུགས་ནས་ལོ55འཁོར་བ་དང་རང་མོས་ཉོ་འཚོང་གི་གྲོས་མཐུན་བཀོད་ནས་ལོ20འཁོར་བའི་ལོ་རེད། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཙམ་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་བཟང་པོ་བྱུང་བ་དང་། དུས་ཡུན་རིང་པོར་ལཱ་ཏིང་མེ་གླེང་དང་ཅཱ་ལི་པེ་རྒྱལ་ཁབ་ཀྱི་སྔོན་གྲལ་དུ་སླེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དུ་ལྷན་དུ་གྲུབ་འབྲས་ཀྱིས་བལྟམས་པའི་གྲོས་མོལ་གནང་བ་དང་། ཀྲུང་གོ་དང་ཀྲི་ལིའི་འབྲེལ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲི་ལི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་བྱས་ཏེ། ཆབ་སྲིད་ཀྱི་ཡིད་ཆེས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་མང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་གོ་དང་ཀྲི་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་གོང་དུ་སྤེལ་ནས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་ཆེད་བྱས་རྗེས་གསར་པ་འཇོག་དགོས།
པའོ་ལིས་ཆི་ཡིས་བསྟན་དོན། ཀྲི་ལི་དང་ཀྲུང་གོའི་འབྲེལ་བའི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། ཀྲི་ལི་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་ཧུར་ཐག་གིས་ཟབ་ཞུགས་བྱས་ནས། ཀྲུང་གོའི་བར་གྱི་དཔལ་འབྱོར་དང་རིག་གནས། སྤྱི་ཚོགས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། ནམ་ཟླའི་འགྱུར་ལྡོག་ལ་མཉམ་དུ་ཁ་གཏད་འཇལ་ནས། ཕྱོགས་མང་རིང་ལུགས་དང་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་བྱེད་རྒྱུ་ཡིན།
ཤ་བོ་རིན་མཚོས་བསྒྱུར།