ཟླ5པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པར་ཞུགས་པའི་ཀྲི་ལིའི་སྲིད་འཛིན་པའོ་ལིས་ཆི་ལ་མཇལ་འཕྲད་གནང་།
ཟླ5པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པར་ཞུགས་པའི་ཀྲི་ལིའི་སྲིད་འཛིན་པའོ་ལིས་ཆི་ལ་མཇལ་འཕྲད་གནང་།
ཟླ5པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པར་ཞུགས་པའི་ཀྲི་ལིའི་སྲིད་འཛིན་པའོ་ལིས་ཆི་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཀྲི་ལིའི་བར་འབྲེལ་བ་བཙུགས་ནས་ལོ་ང་ལྔ་འཁོར་བའི་ལོ་ཡིན། ལོ་ང་ལྔའི་སྔོན་ལ། རྒྱལ་ཁབ་ཀྱི་རྒན་རབས་མགོ་ཁྲིད་པའི་མིག་རྒྱང་རིང་པོར་བརྟེན་ནས་འཇབ་རྒོལ་མཇུག་བསྒྲིལ་ཞིང་། ཀྲུང་གོ་གསར་པས་མེ་གླིང་ལྷོ་མའི་རྒྱལ་ཁབ་བར་འབྲེལ་བ་འཛུགས་པའི་བགྲོད་ལམ་གསར་དུ་བཏོད། དུས་རབས་ཕྱེད་ཀ་ལྷག་གི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དང་ཀྲི་ལིའི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་དཀའ་ངལ་སྣ་ཚོགས་བརྒྱུད་དེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་རླབས་རྒྱུན་ལ་ཁྲིད་སྟོན་བྱས། ཀྲུང་གོ་དང་ཀྲི་ལིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དུས་རབས་ཀྱི་དོན་སྙིང་ཕུན་སུམ་ཚོགས་པར་གཏོང་བ་དང་། ཀྲུང་གོ་དང་ལཱ་ཏིང་མེ་གླིང་ཐུན་མོང་འཕེལ་རྒྱས་ཀྱི་མ་དཔེ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དཔེ་མཚོན་བསྐྲུན་ནས། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་གྱི་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཀྲི་ལིའི་ཕྱོགས་དང་མཉམ་དུ་ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱེད་པ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། སོ་སོའི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དོན་འཁྱོལ་ལེགས་པོ་བྱེད་པ་དང་། ཞིང་ལས་དང་ནགས་ལས། འབྲོག་ལས་དང་ཉྭ་ལས། ཐོན་ལས་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས། ལྗང་མདོག་གཏེར་ཐོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། གནམ་དཔྱད་དང་སྣེ་ཁུལ། མི་ཐབས་རིག་ནུས། སྐྱེ་དངོས་གསོ་རིག གཞི་གྲངས་དཔལ་འབྱོར་སོགས་ཀྱི་འཕར་གནས་གསར་པ་སྐྱེད་སྲིང་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཀྲི་ལིར་སོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཀྲི་ལིའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ཀྲུང་གོའི་ཁྲོམ་རར་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དཔེ་ལྟོས་བྱེད་པར་ཤུགས་སྣོན་པ་དང་། སློབ་གསོ་དང་རིག་གནས། སྨྱན་བྱད། ན་གཞོན་སོགས་ཀྱི་བརྗེ་རེས་བྱེད་སྒོ་ལེགས་པོར་སྤེལ་ནས། མི་སྣའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་གོང་དུ་འཕེལ་བར་སྤྱི་ཚོགས་ཀྱི་དམངས་འདོད་རྨང་གཞི་ལེགས་པོ་འདིང་དགོས། མིག་སྔར། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ་ཞིང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་འཕེལ་རྒྱས་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་ལ་རྡུང་རྡེག་ཚབས་ཆེན་བཟོས་ཡོད། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་བློ་རྩ་བརྟན་པོས་སྲུང་སྐྱོབ་བྱེད་མཁན་ཡིན་པའི་ཆ་ནས། ཀྲུང་གོ་དང་ཀྲི་ལི་ཡིས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས།
པའོ་ལིས་ཆི་ཡིས་བསྟན་དོན། ཀྲི་ལི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་ཚད་མེད་བྱེད་ཀྱིན་ཡོད། ཀྲུང་གོ་ནི་ཀྲི་ལིའི་ཆེས་གལ་ཆེ་བའི་ཉོ་ཚོང་གྲོགས་པོར་གྱུར་ཡོད་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲི་ལིའི་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཚོང་དོན་དང་དངུལ་་གཏོང་། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། མི་གཞུང་བརྗེ་རེས་ཟབ་མོ་བྱས་ནས། ཀྲུང་གོ་དང་ཀྲི་ལིའི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་པོ་ལེན་རྒྱུའི་རེ་བ་བཅངས་ཡོད། རྒྱལ་ཁབ་སོ་སོས་རང་མོས་ཉོ་ཚོང་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཉོ་ཚོང་གིས་རྒྱལ་ཁབ་གཅིག་གི་ཁེ་ཕན་ལ་ཞབས་འདེགས་ཞུ་རྒྱུ་དེ་མིན་ལ། ཉོ་ཚོང་འགྲན་རྩོད་ལ་ཐར་ལམ་ཞིག་མེད། ཀྲི་ལིའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ། བློ་རྩ་བརྟན་པོས་ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཁབ་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་བྱས་ཏེ། གྲོས་མོལ་བརྒྱུད་ནས་འགལ་བ་ཐག་གཅོད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས།
ཝང་དབྱི་ཐུག་འཕྲད་ལ་ཞུགས།
པའོ་ལིས་ཆི་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་དཔེ་སྐྲུན། ནད་ཡམས་ཞིབ་བཤེར། སྨྱན་བྱད་རིག་མཛོད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཀྱི་ཡིག་ཆ་མང་པོ་བཀོད།
ལྷ་མོ་འཚོས་བསྒྱུར།