ཀྲའོ་ལི་ཅི་ཡིས་སོ་སོར་ལཱ་ཏིང་མེ་གླིང་གྲོས་ཁང་གི་གྲོས་དཔོན་ཀང་སཱ་ལོས་སི་དང་མེ་གླིང་དབུས་མའི་གྲོས་ཁང་གི་གྲོས་དཔོན་ཨེ་ཨར་ནན་ཏི་སི་གཉིས་ལ་མཇལ་འཕྲད་གནང་།
2025.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས14ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ལཱ་ཏིང་མེ་གླིང་གྲོས་ཁང་གི་གྲོས་དཔོན་ཀང་སཱ་ལོས་སི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས14ཉིན་པེ་ཅིང་ནས་སོ་སོར་ལཱ་ཏིང་མེ་གླིང་གྲོས་ཁང་གི་གྲོས་དཔོན་ཀང་སཱ་ལོས་སི་དང་མེ་གླིང་དབུས་མའི་གྲོས་ཁང་གི་གྲོས་དཔོན་ཨེ་ཨར་ནན་ཏི་སི་གཉིས་ལ་མཇལ་འཕྲད་གནང་།

ཀང་སཱ་ལོས་སི་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་བ་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ་ཏེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་བཟོ་སྐྲུན་ཆེན་པོ་ལྔ་འཛུགས་སྐྲུན་བྱེད་པའི་གྲོས་གཞི་བཏོན་པ་དང་། འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བའི་མཐོ་ཚད་ནས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐེངས་འདིའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་གོ་སྐབས་སུ་བྱས་ཏེ། ལཱ་ཏིང་མེ་གླིང་གྲོས་ཁང་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱས་ཏེ་ཕན་འབྲས་འབྱུང་བར་སྐུལ་འདེད་བཏང་། ལཱ་ཏིང་མེ་གླིང་གྲོས་ཁང་གིས་སྔར་བཞིན་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་སྲིད་པར་ཡིད་ཆེས་ཡོད། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། མཉམ་དུ་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཐད་ཁྲིམས་སྐྱོང་གི་ཁོར་ཡུག་དང་དམངས་ཀྱི་འདོད་བློའི་རྨང་གཞི་བཟང་བོ་བསྐྲུན་དགོས་ལ། ཕྱོགས་མང་གྲོས་ཁང་རྩ་འཛུགས་ཁྲོད་ཀྱི་འབྲེལ་འདྲིས་དང་གཞོགས་འདེགས་ནུས་པར་ཤུགས་སྣོན་བྱས་ཏེ། ཁྲིམས་འཛུགས་ལས་ཁུངས་རིམ་པ་ནས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རོགས་འདེགས་བྱེད་དགོས།

ཀང་སཱ་ལོས་སི་ཡིས་བསྟན་དོན། ལཱ་ཏིང་མེ་གླིང་གྲོས་ཁང་གིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་དང་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱེད་པ་དང་ལཱ་ཏིང་མེ་གླིང་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཚེས14ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མེ་གླིང་དབུས་མའི་གྲོས་ཁང་གི་གྲོས་དཔོན་ཨེ་ཨར་ནན་ཏི་སི་ལ་མཇལ་འཕྲད་གནང་།

ཨེ་ཨར་ནན་ཏི་སི་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་བ་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་གསུང་བཤད་གལ་ཆེན་ལས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་བོའི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྲུབ་འབྲས། རྒྱ་ཆེའི་མདུན་ལྗོངས་བཅས་རྒྱས་བཤད་བྱས་ཏེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གིས་ལག་རྡང་སྦྲེལ་ནས་མདུན་བསྐྱོད་བྱེད་པར་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མེ་གླིང་དབུས་མའི་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་བྱས་རྗེས་འཇོག་འདོད་ཡོད། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་ཆེ་ཕྱོགས་དང་ཀུན་གྱི་བསམ་པའི་འཁྱེར་སོ། གནས་བབ་ཀྱི་འཕེལ་ཕྱོགས་བཅས་ཡིན་པས་མེ་གླིང་དབུས་མའི་གྲོས་ཁང་གིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས།

ཨེ་ཨར་ནན་ཏི་སི་ཡིས་བསྟན་དོན། མེ་གླིང་དབུས་མའི་གྲོས་ཁང་གིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཤུགས་ཆེན་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ལཱ་ཏིང་མེ་གླིང་དབ་ཀྲུང་གོའི་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པའི་བཟོ་སྐྲུན་ཆེན་པོ་ལྔར་རྒྱབ་སྐྱོར་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།

ཕིན་ཆིན་ཧྭ་མཇལ་འཕྲད་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།