ཟླ5པའི་ཚེས14ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་ཞེ་ལྔ་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡི་འབྲེལ་ཡོད་གསུང་བཤད་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སོགས་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། ཉི་མ་སྒྲོལ་མ་དང་ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་སོགས་གྲོས་ཚོགས་སུ་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་ལས་བསྟན་དོན། རང་རྒྱལ་གྱི་མི་ཐབས་རིག་ནུས་དང་བཟོ་ཚོགས་བྱ་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་བོར་ཤུགས་རྐྱེན་ཐེབས་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་ཡག་པོ་བྱེད་པར་དམིགས་ནས། གོང་བཀུར་གཉིས་ཀྱི་བྱ་བ་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་གཙོ་བོའི་བླང་བྱ་ལེགས་པོ་བསྒྲུབ་པ་དང་། དངོས་ཡོད་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལག་བསྟར་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་མཛུབ་སྟོན་དུ་བྱས་ནས། དམངས་ཆེན་བྱ་བའི་ཟུང་འབྲེལ་གནས་དང་ཁུངས་སྣེ། ཤུགས་འདོན་ས་བཅས་ཡང་དག་འཚོལ་བ་དང་། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་ལེགས་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་རོགས་ཤུགས་འདོན་དགོས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནས་ཡུལ་གཙོ་བོ། ཉམས་ཞན་ལས་རིམ་བཅས་ལ་དམ་པོར་དམིགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་འཛུགས་སྐྲུན་སྲོལ་ཡིག་གི་ཁྲིམས་འཛུགས་རྟོག་ཞིབ་སྤེལ་བ་དང་། བདེ་འཇགས་མཚོ་སྔོན་ཀྱི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་བསྣན་ནས། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་སྲ་བརྟན་དང་མཐོར་འདེགས་གཏོང་དགོས། ཁུལ་ཁོངས་བརྒལ་ནས་མཐུན་སྦྱོར་ཁྲིམས་འཛུགས་བྱེད་པ་དང་། མཐུན་སྦྱོར་སྒོས་ཁྲིམས་བསྟར་ཞིབ་བཤེར་རམ་གཅིག་གྱུར་སྒོས་རྒྱལ་ཡོངས་དམངས་ཆེན་འཐུས་མི་རྩ་འཛུགས་བཀོད་སྒྲིག་བྱས་ཏེ་ལྟ་ཞིབ་དང་ཆེད་དོན་རྟོག་ཞིབ་བྱེད་ལ། འབྲེལ་ཡོད་གཏན་འབེབས་དང་བརྡ་ཐོའི་བླང་བྱ་ལག་བསྟར་ནན་མོ་བྱེད་དགོས།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས2025ལོར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོའི་གཙོ་གནད་བྱ་བའི་ལས་འགན་གསལ་ཐོ་དངོས་འབེབས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་ཆེན་འཐུས་མིའི་སྙན་ཞུའི་འགན་སྒྲུབ་གནས་ཚུལ་གྱི་བྱེད་ཐབས་ཚོད་ལྟ་ལག་བསྟར་བྱེད་པའི་འབྲེལ་ཡོད་གནས་ཚུལ་སོགས་ཀྱི་སྙན་ཞུར་ཉན།
ལྷ་མོ་འཚོས་བསྒྱུར།