ལའོ་ཏུང་ཁྲོན་གྱིས་པེ་ཅིང་སློབ་ཆེན་གྱི་སློབ་གཙོ་ཀུང་ཆི་ཧོང་དང་ཏུང་ཧྥང་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་གྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་ཐུག་འཕྲད་བྱས།
2025.05.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

ཟླ5པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱི་ཟི་ལིང་དུ་པེ་ཅིང་སློབ་ཆེན་གྱི་སློབ་གཙོ། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ཀུང་ཆི་ཧོང་སོགས་དང་། ཏུང་ཧྥང་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་གྱི་རྒྱལ་སྲིད་སྐྱོང་ལུགས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་ཐུག་འཕྲད་བྱས།

ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀུང་ཆི་ཧོང་སོགས་དང་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་དགའ་བསུ་ཞུས་པ་དང་། པེ་ཅིང་སློབ་ཆེན་གྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མིག་སྔར་མཚོ་སྔོན་འདི་ཉིད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ་གདེང་ཚོད་ཡོད་པའི་སྒོ་ནས་མདུན་སྐྱོད་བྱེད་ཀྱིན་ཡོད་པ་དང་། ཧུར་ཐག་གིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པ་དང་དེར་ཞབས་འདེགས་ཞུ་བཞིན་ཡོད་ལ། སྟོབས་ཤུགས་གཅིག་སྡུད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། མཚོ་སྔོན་གྱིས་སློབ་མ་ཚོ་གནས་སའི་རྒྱལ་ཁབ་དང་ཧུར་ཐག་སྒོས་འགྲོ་འོང་མཉམ་ལས་སྤེལ་འདོད་ཡོད་ལ། ཚང་མས་རབ་མཛེས་མཚོ་སྔོན་དྲིལ་སྒྲོག་དང་འོས་སྦྱོར་ཡག་པོ་བྱེད་པ་དང་། མཛའ་མཐུན་ཕོ་ཉ་དང་མཉམ་ལས་སྦྲེལ་ཟམ་ལྟ་བུ་བྱས་ཏེ། དེང་རབས་ཅན་མགྱོགས་མྱུར་སྒོས་མངོན་འགྱུར་འབྱུང་བར་མཉམ་དུ་འབད་འཐབ་ལྷོད་མེད་བྱེད་པའི་རེ་བ་བཅངས་ཡོད།

ཀུང་ཆི་ཧོང་གིས་བསྟན་དོན། པེ་ཅིང་སློབ་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་དང་ས་གནས་ཀྱི་མཉམ་ལས་ལ་མཐོང་ཆེན་ཚད་མེད་བྱེད་ཀྱིན་ཡོད། ཐེངས་འདིར་པེ་ཅིང་སློབ་ཆེན་གྱི་ཏུང་ཧྥང་མཁས་པ་མཚོ་སྔོན་དུ་འཚམས་འདྲིར་ཡོང་བ་ནི་ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སློབ་མ་སོ་སོས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་པ་དང་། མཚོ་སྔོན་གྱི་འབོད་སྒྲ་བརྒྱུད་སྒྲོག་ཡག་པོ་བྱས་ནས། རིག་གནས་བརྗེ་རེས་དཔེ་ལྟོས་དང་མཛའ་བརྩེ་བརྒྱུད་སྒྲོག་གི་ཕོ་ཉར་འགྱུར་བར་བྱེད་པའི་རེ་བ་བཅངས་ཡོད།

ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཚད་མེད་གནང་། ཁོ་ཚོས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཉམས་མྱོང་བཟང་པོ་དེས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔེ་ལྟོས་མ་དཔེ་འདོན་སྤྲོད་བྱས་པ་དང་། ཕྱོགས་སོ་སོས་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱས་ཏེ། ལག་རྡང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་པའི་རེ་བ་བཅངས་ཡོད་ཟེར།

ཝང་ཧའེ་ཧུང་གོང་གི་བྱེད་སྒོར་ཞུགས།

ལྷ་མོ་འཚོས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།