ཧན་ཀྲིན་གྱིས་ཨ་མེ་རི་ཁའི་ཅིན་ཧྲུན་སྡེ་ཚོགས་ཀྱི་རྐང་འཛིན་ཚོགས་པའི་ཀྲུའུ་ཞི་ཝ་ཀི་ནཱ་ལ་མཇལ་འཕྲད་གནང་།
2025.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་མེ་རི་ཁའི་ཅིན་ཧྲིན་སྡེ་ཚོགས་ཀྱི་རྐང་འཛིན་ཚོགས་པའི་ཀྲུའུ་ཞི་ཝ་ཀི་ནཱ་ལ་མཇལ་འཕྲད་གནང་།

ཟླ5པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་ཨ་མེ་རི་ཁའི་ཅིན་ཧྲིན་སྡེ་ཚོགས་ཀྱི་རྐང་འཛིན་ཚོགས་པའི་ཀྲུའུ་ཞི་ཝ་ཀི་ནཱ་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་དང་མཉམ་ལས་བར་སྟོང་ཡངས་པོ་ཡོད།   ཉེ་ལམ། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད་པས།    རྒྱལ་ཁབ་གཉིས་ཀྱིས་འདྲ་མཉམ་གྲོས་མོལ་བྱས་ནས་དཔལ་འབྱོར་ཉོ་འཚོང་མཉམ་ལས་ཁྲོད་ཀྱི་འགལ་བ་དང་རྩོད་པ་ཐག་གཅོད་གང་ལེགས་བྱས་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་ཀྱི་བརྟན་བརླིང་རང་བཞིན་ལ་བརྟེན་ནས་འཛམ་གླིང་དཔལ་འབྱོར་ལ་ངེས་གཏན་རང་བཞིན་བསྣན་ཡོད་པ་དང་།    ཧུར་ཐག་གིས་རྒྱལ་སྤྱིའི་མ་རྩའི་ཁྲོམ་ར་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། ཀྲུང་གོའི་གནས་ཚུལ་དང་མཐུན་པའི་མ་རྩའི་ཁྲོམ་ར་མགྱོགས་མྱུར་སྒོས་བཅོས་སྒྱུར་སུ་གཏོང་རྒྱུ་ཡིན།     ཅིན་ཧྲུན་སྡེ་ཚོགས་ནི་ཀྲུང་གོའི་མ་རྩའི་ཁྲོམ་རའི་ནང་ཡུན་རིང་ཞུགས་པ་དང་། སྡེ་ཚོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་པར་དགའ་བསུ་ཞུ་རྒྱུ་ཡིན་པ་མ་ཟད།    ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་ཁེ་ཕན་ལ་སྐུལ་འདེད་གཏོང་ཆེད་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུའི་རེ་བ་ཡོད།

ཝ་ཀི་ནཱ་ཡིས་ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས། ཁོས་ཅིན་ཧྲུན་སྡེ་ཚོགས་དང་ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད། ཀྲུང་གོའི་ཁྲོམ་ར་མུ་མཐུད་སྔོག་འདོན་གཏིང་ཟབ་བྱས་ནས། ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

ཤ་བོ་རིན་མཚོས་བསྒྱུར།