རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་ཐེངས་བདུན་པས་ས་གནས་མང་པོ་ཞིག་ཏུ་སྐོར་སྐྱོད་དྲིལ་སྒྲོག་བྱས།
2025.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས18ཉིན་ནི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་རོགས་རམ་ཉིན་མོ་ཐེངས་སོ་ལྔ་པ་རེད། ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་དང་དབང་པོ་སྐྱོན་ཅན་རོགས་རམ་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་ཐེངས་བདུན་པས་སྐོར་སྐྱོད་དྲིལ་སྒྲོག་བྱེད་ཡུལ་ཐོག་མ་པེ་ཅིང་དང་ཐེན་ཅིན་དུ་སྐོར་སྐྱོད་དྲིལ་སྒྲོག་བྱས།

པེ་ཅིང་གི་ཚེ་སྲོག་གསར་པའི་རྒན་གསོའི་དབང་པོ་སྐྱོན་ཅན་རོགས་རམ་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རིན་ཐང་ཀྲན་ཞིན་དང་། ཝུའུ་ཧན་རང་བྱུང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་ལོང་བའི་འབུམ་རམས་སློབ་མ་ཧོང་དབྱིན། ཅང་སུའུ་ཞིང་ཆེན་ཏུང་ཐའེ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭའི་མཐོ་རིམ་དགེ་རྒན་ལིས་ཁང་། ཡུན་ནན་མི་རིགས་གྱོན་ཆས་དང་བཟོ་རྩལ་ཐོན་རྫས་གསར་གཏོད་བྱེད་མཁན་ཙི་ལུའུ་ཧུན། ཧྲན་ཞི་སློབ་ཆེན་ཆབ་སྲིད་དང་སྤྱི་པའི་དོ་དམ་སློབ་གླིང་གི་གུང་གཞོན་ཚོགས་པའི་ཧྲུའུ་ཅི་ཀའོ་སི་ཨིན། ཆིང་ཧྭ་སློབ་ཆེན་གྱི་སློབ་མ་འོན་པ་ལིས་ཡོ། གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཞུས་ཕིང་སོགས་རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་སྟོན་དང་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མི་སྒེར7གྱིས་པེ་ཅིན་དགེ་འོས་སློབ་ཆེན་དུ་བྱས་རྗེས་དྲིལ་སྒྲོག་བྱས།

རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ལས་རིགས་རྩལ་ནུས་འགྲན་སྡུར་འཕུར་མཉེད་རྣམ་གྲངས་ཀྱི་ཨང་དང་པོ་ཝང་ཅུན་དང་། ཅང་ཞི་ཞིང་ཆེན་ཅི་ཨན་གྲོང་ཁྱེར་ཆིང་ཡོན་ས་ཁུལ་ཞིན་ཡུས་གྲོང་རྡལ་ཞིན་ཡུས་སྡེ་བའི་འཕྲོད་བསྟེན་ཁང་གི་གྲོང་གསེབ་སྨན་པ་ཁྲིན་ཀུའེ་ཕིང་། ཕ་རེ་སི་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མདའ་འཕེན་འགྲན་སྡུར་ཁྲོད་ཀྱི་ཨང་དང་པོ་ཁྲིན་མའེ་དབྱི། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ལས་རིགས་རྩལ་ནུས་འགྲན་སྡུར་ལས་ཡིག་དེབ་ཐག་གཅོད་རྣམ་གྲངས་ཀྱི་ཨང་དང་པོ་ཐོབ་མཁན་ཁྲེན་ལིའང་ཅེ། ཐེན་ཅིན་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལིའུ་ཧན་ཝུན། ཁྲུང་ཆིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཧྲ་ཕིང་པའེ་ཆུས་ཡན་ལག་ཅུའུ་ཧུང་ཡན་མངགས་གཏོང་ཁང་གི་སློབ་ཁྲིད་པ་ཧི་ཆའོ། ཐེན་ཅིན་གྲོང་ཁྱེར་པའོ་ཏིས་ཆུས་དབང་པོ་སྐྱོན་ཅན་ངལ་རྩོལ་ཞབས་ཞུ་སའོ་ཡི་ལས་བྱེད་པ་ལིས་ཏའེ་ལིས་སོགས་རྒྱལ་ཡོངས་ཀྱི་རང་སྟོབས་མིག་དཔེ་དང་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལས་དོན་གྱི་སྔོན་ཐོན་མི་སྒེར7བདུན་གྱིས་ཐེན་ཅིན་ལས་རིགས་ལག་རྩལ་དགེ་འོས་སློབ་ཆེན་དུ་ཁོང་ཚོ་རང་ཉིད་ཀྱི་གཏམ་རྒྱུད་བཤད།

ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཝེ་ཞིན་གྱིས་བཤད་རྒྱུར། མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་དང་སྤྱིར་བཏང་མིན་པའི་མི་ཚེ་ཡི་བདེན་པ་རེ་རེ་ལས། ང་ཚོར་འབད་འབུངས་ལྷོད་མེད་ཀྱི་སྙིང་སྟོབས་དང་སྒེར་སེམས་མེད་པའི་སྒོ་ནས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་བརྩེ་སེམས་ཟབ་མོ་ཚོར་དུ་བཅུག་བྱུང་ཟེར།

ཟླ5པའི་ཚེས16ཉིན། རྒྱལ་ཡོངས་ཀྱི་རང་བརྩོན་དཔེ་བཟང་དང་དབང་པོ་སྐྱོན་ཅན་རོགས་རམ་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་ཅིང་ནུབ་མགྲོན་ཁང་དུ་འཚོགས་པ་དང་།  མ་འོངས་པའི་ཉིན་འགའི་རིང་ལ། གཟེངས་བསྟོད་ཐོབ་པའི་འཐུས་མི་ལས་གྲུབ་པའི་སྙན་ཞུའི་ཚོགས་པ་ཁག་གཅིག་ད་དུང་ཧྥུའུ་ཅན་དང་ཧུའུ་ནན། ཧྲའན་ཞི། ཉིང་ཞ་སོགས་སུ་སོང་ནས་སྐོར་སྐྱོད་དྲིལ་སྒྲོག་བྱས་ཏེ། གཟི་བརྗིད་གཟེངས་བསྟོད་ཀྱི་སྙིང་སྟོབས་ཀྱི་སྣེ་འདོམས་དང་དཔེ་མཚོན་དཔེ་སྟོན་གྱི་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས། དབང་པོ་སྐྱོན་ཅན་ལ་བསམ་ཤེས་དང་བརྩི་འཇོག སེམས་ཁུར། རོགས་རམ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་སྐྲུན་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།