ཟླ5པའི་ཚེས19ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ལོས་ཀང་། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི60བཅས་གྲོས་ཚོགས་སུ་ཞུགས་པ་དང་། ཁྲིམས་བཀོད་མི་གྲངས་དང་མཐུན། ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས།
གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་མི་དོན་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། བསྐོ་འཇོག་བྱ་རྩིས་ཡོད་པའི་མི་སྣས་གཏམ་བཤད།
གྲོས་ཚོགས་ལས་སྔ་རྗེས་སུ《མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྲོལ་ཡིག》གི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། 《མཚོ་སྔོན་ཞིང་ཆེན་གྱི་བསྡོམས་རྩིས་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་རོགས་སྐྱོར་གྱི་གཏན་འབེབས་འགའི》སྐོར་གྱི་གསལ་བཤད། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》སྐོར་གྱི་གསལ་བཤད། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཐོག་དང་གློག་གི་གནོད་འཚེ་འགོག་པའི་སྲོལ་ཡིག་བཟོ་བཅོས》སྐོར་གྱི་གསལ་བཤད། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གི་དྲོད་འདོན་དང་ཚ་སྤྱོད་སྲོལ་ཡིག》སྐོར་གྱི་གསལ་བཤད། 《དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་འཐེན་ཐུག་ཐོན་ལས་འཕེལ་རྒྱས་སྲོལ་ཡིག》སྐོར་གྱི་གསལ་བཤད། 《དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་རྫོང་མཁར་གྱི་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2024ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ཡོངས་འགྲུབ་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་མཱེ་ཕིན་གྱིས་མང་ཚོགས་ཉེ་འགྲམ་གྱི་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་བསྡོམས་རྩིས་སྲོལ་ཡིག》སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། 《མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་རོགས་སྐྱོར་གྱི་གཏན་འབེབས་འགའི》སྐོར་གྱི་གྲོས་ཞིབ་བསམ་འཆར། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཐོག་དང་གློག་གི་གནོད་འཚེ་འགོག་པའི་སྲོལ་ཡིག》སྐོར་གྱི་སྙན་ཞུ། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་དྲུག་པའི〈མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་བེད་བཟོ་སྐྲུན་དོ་དམ་སྲོལ་ཡིག〉མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན》གྱི་ཞིབ་བཤེར་སྙན་ཞུ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི〈ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མོ་ཕྱུགས་སྲུང་སྐྱོང་སྲོལ་ཡིག་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན〉དང་། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི〈ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་མོ་ཕྱུགས་སྲུང་སྐྱོང་སྲོལ་ཡིག་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན〉གྱི་ཞིབ་བཤེར་སྙན་ཞུ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གི་དྲོད་འདོན་ཚ་སྤྱོད་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་འཐེན་ཐུག་ཐོན་ལས་འཕེལ་རྒྱས་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་རྫོང་མཁར་གྱི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང〉གི་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་གཏན་འབེབས་ལག་བསྟར》ཆོག་མཆན་འགོད་པའི་སྐོར་གྱི་སྙན་ཞུ་དང་། 《ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང〉གི་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་གཏན་འབེབས་ལག་བསྟར》སྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་དཔར་ནས་བཀྲམ།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་མཱེ་ཕིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙི་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲ་ཆིན་ཅིའུ་སོགས་གྲོས་ཚོགས་སུ་ཟུར་ཞུགས་བྱས།
ཤ་བོ་རིན་མཚོས་བསྒྱུར།