ཝང་ཧུའུ་ཉིང་གིས་མོ་ཞི་ཁོའི་གྲོས་ཁང་ཞོལ་མའི་གྲོས་དཔོན་ལ་མཇལ་འཕྲད་གནང་།
2025.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས20ཉིན་པེ་ཅིང་ནས་མོ་ཞི་ཁོ་གྲོས་ཁང་ཞོལ་མའི་གྲོས་དཔོན་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས20ཉིན་པེ་ཅིང་ནས་མོ་ཞི་ཁོ་གྲོས་ཁང་ཞོལ་མའི་གྲོས་དཔོན་ཀུའུ་ཐི་ལེ་སི་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། 2024ལོའི་ཟླ11པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཞིན་པའོ་མུའུ་གཉིས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་པའི་སྐབས་སུ་མཇལ་འཕྲད་གནང་ནས། ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོའི་ཕྱོགས་ནས་མོ་ཞི་ཁོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་འབད་པས་དོན་འཁྱོལ་བྱས་ཏེ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ། ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོབ་བཅས་བྱས་ཏེ། ཀྲུང་གོ་དང་མོ་ཞི་ཁོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད།

ཀུའུ་ཐི་ལེ་སི་ཡིས་བསྟན་དོན། མོ་ཞི་ཁོ་དང་ཀྲུང་གོའི་བར་ཐག་རིང་ཡང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཧ་ཅང་ཟབ། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོས་བླངས་པའི་གྲུབ་འབྲས་ཆེན་པོར་རྟེན་འབྲེལ་ཞུས་པ་དང་འབྲེལ་ཡིད་སྨོན་ཡང་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཉོ་ཚོང་དང་ཚན་རྩལ། སློབ་གསོ། ལས་བྱེད་པའི་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད། མོ་ཞི་ཁོའི་གྲོས་ཁང་ཞོལ་མས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་མཛའ་བརྩེ་འགྲོ་འོང་ལ་ཤུགས་བསྣན་ནས། མོ་ཞི་ཁོ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཧི་པོ་ཞང་སོགས་མཇལ་འཕྲད་ལ་ཞུགས།