ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་ཆེད་དོན་གྲོས་ཚོགས་བསྡུས།
2025.05.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཉེ་ལམ། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་ཆེད་དོན་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ནང་འཁོར་སྐྱོད་ཆེན་མོའི་བྱ་བ་ལེགས་པོར་སྒྲུབ་པར་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ཟླ་དང་པོ་ནས་བཞི་པའི་བར་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། དཔལ་འབྱོར་འཁོར་སྐྱོད་དང་རྒྱལ་ནང་གི་འཁོར་སྐྱོད་ཆེན་མོར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། དམངས་གཉེར་དཔལ་འབྱོར་སོགས་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ད་ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ལ་ཤུགས་བསྣན་པ་དང་། སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱས་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནོན་ཤུགས་ཀྱི་འོག་ཏུ་བརྟན་པོའི་ངང་འཕར་བ་དང་། སླར་གསོ་བསྐྱར་འཕེལ་གྱི་གཞི་རྩའི་རྣམ་པ་མངོན་ཡོད། གྲུབ་འབྲས་དེ་དག་བླངས་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་དང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པས་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་བརྡར་ཤ་བཅད་པའི་སྟེང་དངོས་སུ་གཅིག་གྱུར་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། ཧུར་ཐག་གིས་ལས་ཞུགས་བརྟན་བརླིང་དང་ཁེ་ལས་བརྟན་བརླིང་། ཁྲོམ་ར་བརྟན་འཇགས། སྔོན་རྩིས་བརྟན་འཇགས་བཅས་ཡོང་བར་བྱས་ཏེ། འབད་བརྩོན་ཆེས་ཆེན་པོས་ལོ་སྟོད་དུ“སྣ་གཉིས་ནས་ཕྱེད་ཀ་ལས་བརྒལ”བའི་དམིགས་འབེན་འགྲུབ་པར་བྱས་ནས།  ལོ་ཧྲིལ་པོའི་དམིགས་འབེན་དང་འགན་འཁྲི་བདེ་བླག་ངང་ཡོངས་འགྲུབ་བྱེད་པ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པར་མཇུག་བསྒྲིལ་བར་རྨང་གཞི་བརྟན་པོ་འདིང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་སྲིད་ཇུས་འཕེལ་ཕྱོགས་དང་ལེགས་པོར་བསྟུན་ནས། ད་ཡོད་སྲིད་ཇུས་ཀྱི་སྦས་ཤུགས་ཟབ་མོར་སྔོག་པ་དང་།    བྱ་བའི་བྱེད་ཐབས་ཞིབ་སྒྱུར་དངོས་སྒྱུར་གྱིས་བཟོ་ལས་ཀྱི་འཁོར་སྐྱོད་དང་དངུལ་གཏོང་ནུས་ལྡན།  ཞིང་ལས་ཐོན་སྐྱེད་སོགས་གཙོ་གནད་འགན་འཁྲི་ནུས་ཤུགས་ཡོད་རྒུས་དམ་འཛིན་བཟང་བོ་བྱས་ཏེ།  བརྟནཔའི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དངའཕེལབའི་སྒུལ་ནུས་གསོག་འཇོག་བྱེད་དགོས།  རྒྱལ་ནང་གི་འཁོར་སྐྱོད་ཆེན་མོར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ་དེ་དཔལ་འབྱོར་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཏུ་བརྩིས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པའི་ཁྲོད་མྱུར་དུ་འདྲེས་པར་བྱེད་པ་དང་། ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་གམཉམ་འདྲེས་ཟབ་མོ་ཡོང་བར་བྱས་ཏེ། དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྒྱག་ས་གཙོ་བོ་དེ་དམངས་ཚིས་ལ་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་བའི་ཕྱོགས་སུ་བསྒྱུར་དགོས།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་སྒྲིག་བཟོ་དང་ཆུ་ལོག་དང་ཐན་སྐྱོན་སྔོན་འགོག བདེ་འཇགས་ཐོན་སྐྱེད་སོགས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་སྒོས་བཟང་བོར་སྒྲུབ་སྟེ་གཟབ་ནན་གྱི་སྤྱོད་ཚུལ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་དགོས།

ཀྲང་ཅིན་ཀང་དང་ལིའུ་ཁྲའོ། ཝང་ཧེ་ཧུང་བཅས་གྲོས་ཚོགས་ལ་ཞུགས། 

ཤ་བོ་རིན་མཚོས་བསྒྱུར།