ཏེན་ཞུའེ་ཞང་གིས་ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་ལ་མཇལ་འཕྲད་གནང་།
2025.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27


ཟླ5པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ཨར་ཏི་ཁན་ཕུའུ་ལ་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚེས22ཉིན་པེ་ཅིང་དུ་ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ཨར་ཏི་ཁན་ཕུའུ་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོ་ཝུའེ་ལན.ཡ་ལི་ཧྲན་ཏ་སོགས་ཧི་ལན་ཕྱོགས་ཀྱི་འགོ་ཁྲིད་པ་དང་གྲོས་མོལ་ཐེངས་མང་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོ་དང་ཧོ་ལན་གཉིས་ཀ་འཛམ་གླིང་གི་དཔལ་འབྱོར་དངོས་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས།  སྒོ་འབྱེད་དངོས་གཉེར་གྱི་ཕྱོགས་ཡོངས་མཉམ་ལས་གྲོགས་པོ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཧི་ལན་ཕྱོགས་དང་མཛའ་མཐུན་འགྲོ་འོང་གི་འཕེལ་ཕྱོགས་རྒྱུན་མཐུད་དང་། ཕན་ཚུན་ལུགས་མཐུན་གྱི་དོ་ཁུར་ལ་ལྟ་སྐྱོང་།  གཙོ་གནད་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས། འཛམ་གླིང་གི་ཐོན་ལས་ཕྲེང་སྦྲེལ་དང་འདོན་སྤྲོད་ཕྲེང་སྦྲེལ་བདེ་འཇགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་འདོད་ཡོད། ཧི་ལན་ཕྱོགས་ཀྱིས་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་ཆེད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་རྒྱུའི་རེ་བ་ཡོད།

ཧྥེ་ཨར་ཏི་ཁན་ཕུའུ་ཡིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་འགྲན་སློང་གིས་ཁེངས་ཡོད་པས། ཧི་ལན་དང་ཀྲུང་བར་གྱི་གླེང་མོལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་ཤོས་ཞིག་རེད། ཧི་ལན་ཕྱོགས་ཀྱིས་ཀྲུང་གོ་གྲོགས་པོ་གལ་ཆེན་དུ་བརྩིས་ནས། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འགྲོ་འོང་མཉམ་ལས་ལ་ཤུགས་སྣོན་པ་དང་། ལག་གདང་སྦྲེལ་ནས་འགྲན་སློང་སྣ་ཚོགས་ལ་གདོང་གཏད་དེ་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་འདོད་ཡོད།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།