བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐད་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས།
2025.05.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མི་ལ་སྙིང་སྟོབས་མེད་ན། རྒྱལ་ཁབ་ལ་སྙིང་སྟོབས་མེད། མི་རིགས་ཤིག་བསྐྱར་དར་ཡོང་བར་དངོས་པོའི་སྟོབས་ཤུགས་ཆེན་པོ་དགོས་ལ། བསམ་པའི་སྟོབས་ཤུགས་ཆེན་པོ་ཡང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཞིག་ཡིན་ཞིང་། དངོས་པོ་དང་བསམ་པའི་རྒྱུ་ནོར་ཕུན་སུམ་ཚོགས་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྩ་བའི་བླང་བྱ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཚད་མཐོའི་མཐོང་ཆེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཕུགས་བསམ་དད་མོས་ཀྱི་སློབ་གསོར་ཤུགས་བསྣན་ནས་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བྱས་ཏེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐད་བསམ་པའི་སྒུལ་ཤུགས་ཆེན་པོ་བསྩལ།

མི་དམངས་ལ་དད་མོས་ཡོད་ན་མི་རིགས་ལ་རེ་བ་ཡོད་ལ་རྒྱལ་ཁབ་ལ་སྟོབས་ཤུགས་ལྡན།  ད་ལྟའི་ཀྲུང་གོར་ཀྲུང་ཧྭའི་རིག་གནས་ཀྱི་འབྱུང་རྩ་རྒྱུན་མཐུད་བྱུང་ནས་ཀྲུང་གོ་བ་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གི་རིག་གནས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད། གྲོང་ཁྱེར་ནས་གྲོང་གསེབ་བར་དང་། སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་གོ་རྟོགས་དང་དཔལ་ཡོན་བྱང་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་ཕྱིན་ཡོད། དཔལ་ཡོན་གྲོང་ཁྱེར། དཔལ་ཡོན་སྡེ་བ་དང་གྲོང་རྡལ།  དཔལ་ཡོན་ལས་ཁུངས། དཔལ་ཡོན་ཁྱིམ་ཚང་། ཀུན་སྤྱོད་དཔེ་ལེགས་བཅས་རྒྱུན་མ་ཆད་པར་ཐོན་པ་དང་། དེང་རབས་ཀྲུང་གོའི་རིན་ཐང་གཉེར་ཕྱོགས་དང་ཀུན་སྤྱོད་ཚད་གཞི། བསམ་པའི་རྣམ་པ་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་ཚད་མཐོའི་མཐོང་ཆེན་གནང་ཞིང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་མཛུབ་སྟོན་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་ལེགས་བཅོས་དང་གསར་གཏོད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་འདོན་སྤྲོད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་བསྟན་དོན། དེང་སྐབས་ཀྲུང་གོ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་བསྐྱར་དར་ཡོང་བར་དངོས་པོའི་དཔལ་ཡོན་གསོག་འཇོག་བྱ་དགོས་ལ། བསམ་པའི་དཔལ་ཡོན་རྒྱས་པར་བྱ་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་དགོས་པར་མ་ཟད། མང་ཚོགས་རང་བཞིན་ལྡན་པའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་མི་དམངས་ཀྱི་དཔལ་ཡོན་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་རྒྱུན་མི་ཆད་པར་མཐོར་འདེགས་སུ་གཏོང་དགོས།

ཐོག་བརྩེགས་ཆེན་པོ་རང་རྒྱལ་གྱི་ས་གཞི་ཆེན་པོར་གང་སར་འགྱིང་ངེར་སྐྲུན་ཡོད་པའི་སྐབས་སུ། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱང་གནས་སོ་སོ་རུ་ཡོད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། 《ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལམ་ལུགས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་བཅའ་ཁྲིམས》སོགས་སྲིད་ཇུས་ཁྲིམས་སྲོལ་སྔ་རྗེས་སུ་བཏོན་པ་དང་། 《དུས་རབས་གསར་པའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལག་བསྟར་རྩ་གནད》དང《དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་བསྟར་རྩ་གནད》སྔ་རྗེས་སུ་ལག་བསྟར་བྱས། དུས་རབས་ཀྱི་མིག་དཔེའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་ལ་གཟེངས་བསྟོད་བྱེད་པ་ནས“ཀྲུང་གོའི་མི་བཟང”དང“ཕུལ་བྱུང་མི་སྣ”རྒྱུན་མཐུད་དཔྱད་འདེམས་བྱེད་པར་སྤྱི་ཚོགས་ཡོངས་ཀྱིས་ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་ལས་ལ་ཕྱོགས་པ་དང་། འཇོན་ཐང་ཅན་ལ་མིག་དཔེ་ལྟ་བའི་རྣམ་པ་སྔར་ལས་ཇེ་ཟབ་ཏུ་ཕྱིན་ཡོད། “རི་ཁུལ་གྱི་བུ་མོའི་མི་ཚེའི་ཕུགས་འདུན་གྱི་སློབ་གསོའི་སྒྲོན་མེ་གསལ་བར་བྱེད་མཁན”ཀྲང་ཀུའེ་མེ། ཁ་དན་ཚིག་གནས་ཀྱིས་འབྲོག་ཁུལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་བྱེད་པའི་ཁ་དན་ཚིག་གནས་ཀྱི་ཀུན་སྤྱོད་དཔེ་ལེགས་པ་ཉི་མ་དོན་གྲུབ། དེ་མིན་རྒྱུན་ལྡན་གྱི་བྱ་བ་དང་འཚོ་བའི་ཁྲོད་གྲགས་འགུལ་མེད་པར་བྱས་རྗེས་འཇོག་མཁན། སྒེར་སེམས་མེད་པར་བློས་གཏོང་བའི་དཔའ་བོ་དཀྱུས་མ་བཅས་ཀྱིས་རྒྱལ་དམངས་དུང་ཕྱུར་མང་པོར་སེམས་འགུལ་ཐེབས་པ་དང་སྐུལ་སློང་བྱེད་བཞིན་ཡོད།

“ཀྲུང་གོའི་མི་བཟང”གི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལིས་ཕའེ་ཧྲིན་གྱིས་ཧོང་ཧྲན་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བྱས་ཤིང་། ལོ20ལྷག་གི་རིང་ཧོང་ཧྲན་གཡང་གཟར་གྱི་ཁོར་ཡུག་གཙང་སྦྲ་བྱས་པ་དང་། བསྡོམས་པས་སྤྱི་ལེ་སྟོང་གཅིག་དང་བརྒྱད་བརྒྱ་ལ་ཉེ་བར་འགོས། 2022ལོའི་ཟླ8པར། ཁོ་དང་ལས་གྲོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་ཏེ། ཁོ་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྤྱི་དམངས་བཟང་པོ་དང་། ལས་ཁུངས་ཀྱི་ལས་བཟོ་བ་བཟང་པོ། ཁྱིམ་ཚང་གི་ཁྱིམ་མི་བཟང་པོ་བཅས་བྱེད་པར་བརྩོན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས་པའི་སྐུལ་མ་གནང་།

ལོ་ངོ་བཅུ་ལྷག་གི་རིང་ལ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱིས་དཔལ་ཡོན་གྲོང་ཁྱེར་དང་ཡ་རབས་ཁྱིམ་ཚང་སོགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བ་རྒྱུན་མཐུད་ངང་རྒྱ་བསྐྱེད་ལ། གྲོང་ཁྱེར་གསར་སྒྱུར་བྱས་པའི་དུས་མཚུངས་སུ། གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་སྒྱུར་བ་དང་རྣམ་པ་རྙིང་པ་གསར་པར་བསྒྱུར་ཞིང་། ཀུན་ཏུ་གྲགས་པའི་སྡེ་བ་རིམ་པའི་རིམ་འདས་འགྲན་སྡུར་དང་སྡེ་བའི་ལྒང་ལིའི་འགྲན་སྡུར་ལས་དུས་རབས་གསར་པའི་ཀྲུང་གོའི་གྲོང་གསེབ་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་མངོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལྟ་ཞིབ་བྱེད་པའི་སྒེའུ་ཁུང་གི་མཚན་སྙན་ཐོབ་ཡོད། ལོ་བཅུ་ལྷག་གི་རིང་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། ཀྲུང་གོ་བའི་དྲ་རྒྱའི་བསམ་པའི་ཁྱིམ་གཞིས་ཉིན་རེ་བཞིན་ཇེ་ལེགས་སུ་གྱུར་ཡོད།

ཀྲུང་གོའི་ས་གཞི་ཆེན་པོར་བལྟས་ཚེ། དཔལ་ཡོན་གྱི་ཉམས་འགྱུར་གསར་པ་མངོན་ནས། གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། མི་རྣམས་ཀྱིས་བྱ་བ་ཙག་ཙིག་ནས་འགོ་བརྩམས་ཏེ། ཉམས་ལེན་འབད་བརྩོན་བྱས་ཏེ་དཔལ་ཡོན་གྱི་མཐོ་ས་བརྟན་པོ་བཙུགས་ཤིང་། ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ་དེ་དུས་རབས་ཀྱི་འབོད་སྒྲ་རུ་གྱུར་ནས། སྐྱོད་ལམ་གསར་པར་འབད་པའི་བསྐྱོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།