ཀྲའོ་ལི་ཅི་ཡིས་ཐུའུ་ཁུའུ་མན་སི་ཐན་གྱི་གྲོས་དཔོན་དང་གྲོས་མོལ་གནང་།
2025.05.23 ཁུངས། ཀློག་གྲངས། 0

 ཚེས22ཉིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཐུའུ་ཁུའུ་མན་སི་ཐན་གྱི་གྲོས་དཔོན་ཀུའུ་ཨར་མཱ་ནའོ་ཝ་དང་གྲོས་མོལ་གནང་།

 ཚེས22ཉིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཐུའུ་ཁུའུ་མན་སི་ཐན་གྱི་གྲོས་དཔོན་ཀུའུ་ཨར་མཱ་ནའོ་ཝ་དང་གྲོས་མོལ་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། 2023ལོའི་ཟླ་དང་པོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཞེ་ཨར་ཏ་ཨར.པེ་ཨར་ཏི་མུའུ་ཧ་མའེ་ཏའོ་ཧྥུའུ་དང་མཉམ་དུ་ཀྲུང་ཐུའུ་བར་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱེད་པ་དང་། ཕྱོགས་གཉིས་ཀྱི་ངོས་ཐད་ནས་ལས་སྐལ་གཅིག་མཐུན་ཚོགས་པ་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་གནང་། ལོ་དེའི་ཟླ10པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་པར་ཕེབས་པའི་ཀྲུའུ་ཞི་ཁུའུ་ཨར་པན་ཀུའུ་ལི·པེ་ཨར་ཏི་མུའུ་ཧ་མེ་ཏའོ་ཧྥུའུ་དང་མཛའ་མཐུན་བརྗེ་རེས་གནང་ནས།  རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཆར་གཞི་གསར་པ་བཀོད། ཀྲུང་གོའི་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱས་ཏེ། ཀྲུང་ཐུའུ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཐའེ་ཝན་དང་། ཞིན་ཅང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཚད་མཐོའི་བསྟོད་བསྔགས་གནང་བ་དང་། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། བདེ་འཇགས་བཅས་ལ་སྲུང་སྐྱོང་བྱ་རྒྱུར་སྔར་བཞིན་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཡུན་རིང་བར་གནས་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཐུའུ་ཁུའུ་མན་སི་ཐན་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་གྱི་གྲོས་འགོ་དང“དར་གོས་ཚོང་ལམ་བསྐྱར་དར་ཡོང་བའི”འཐབ་ཇུས་འབྲེལ་མཐུད་ཇེ་མགྱོགས་སུ་གཏོང་བ་དང་། མཉམ་འབྲེལ་མཉམ་མཐུད་དང་། ཞིང་ལས། རིག་གནས། ཡུལ་སྐོར། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་བྱ་རྒྱུར་མཉམ་དུ་སྐུལ་འདེད་བཏང་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱ་འདོད་ཡོད།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན།  ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐུའུ་ཁུའུ་མན་སི་ཐན་གྱི་རྒྱལ་དམངས་གྲོས་ཚོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་པ་དང་།  རང་ངོས་ཀྱི་འགན་ནུས་འདོན་སྤེལ་བྱེད་པ། ཁྲིམས་འཛུགས་དང་། ལྟ་སྐུལ། རྒྱལ་སྲིད་སྐྱོང་ལུགས་བཅས་ཀྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་འདོད་ཡོད། 

ཀྲའོ་ལི་ཅི་ཡིས་ཀྲུང་གོའི་བཅའ་ཁྲིམས་མ་ལག་འཛུགས་སྐྲུན་དང་དམངས་ཆེན་ཁྲིམས་འཛུགས་བྱ་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། 

ཀུའུ་ཨར་མ་ནའོ་ཝ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག  ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། གཉིས་ཕན་བཅས་ཀྱི་རྩ་དོན་ལ་བརྟེན་པའི་ཐུའུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆབ་སྲིད་དང་། དཔལ་འབྱོར། ཕྱི་འབྲེལ། མི་གཞུང་སོགས་ཁྱབ་ཁོངས་སོ་སོ་རུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ཐུའུ་ཁུའུ་མན་སི་ཐན་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་མཛའ་མཐུན་འགྲོ་འོང་གཏིང་ཟབ་བྱས་ཏེ། ཐུའུ་ཀྲུང་བར་གྱི་འབྲེལ་བར་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱས་རྗེས་འབུལ་འདོད་ཡོད།  

ཧའོ་མེན་ཅིན་གྲོས་མོལ་ལ་ཞུགས།