ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་དང་སློབ་སྦྱོང་སློབ་གསོ་བྱ་བར་རྟོག་ཞིབ་བྱས།
2025.05.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་བྱ་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། བློ་སེམས་རྩེ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ། སློབ་བཤེར་བཅོས་གསུམ་གཞི་གཅིག་ཏུ་སྤེལ་བ། གཟབ་ནན་གཙིགས་འཛིན་བྱས་ཏེ་སྤྱོད་ཚུལ་བསྒྱུར་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དམངས་ཕན་གྱི་ཕན་འབྲས་སུ་བསྒྱུར་དགོས།

ཝུའུ་ཞའོ་ཅུན་གྱིས་མཁར་ཤར་ཁུལ་གྱི་མྱུར་སྐྱེལ་ཞབས་ཞུ་ས་ཚུགས་དང་མཁར་ཤར་ཁུལ་གྱི་ན་གཞོན་འཇོན་མིའི་ཞབས་ཞུ་སྟེགས་བུའི་ཏང་འཛུགས་ཕྱོགས་བསྡུས་ས་ཚུགས་སུ། མྱུར་སྐྱེལ་མི་སྣ་དང་གཞིས་ཁུལ་གྱི་ལས་བྱེད་མི་སྣ་དང་བསམ་བློ་བརྗེ་རེས་བྱས་པ་དང་། ཁོ་ཚོས་ཟས་རིགས་བདེ་འཇགས་ཀྱི་སོ་དམག་དང་འཁོར་རྒྱུག་མྱུར་སྐྱོབ་པའི་འགན་ཁུར་བར་ཁས་ལེན་གང་ལེགས་བྱས་ལ། ཁོ་ཚོས་མུ་མཐུད་དུ་སྤྱི་ཚོགས་ལྟ་སྐུལ་པའི་ནུས་པ་འདོན་སྤེལ་བྱས་ནས། གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ཁྲོད་ཞུགས་པ་དང་། ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ལྕགས་ཟམ་ལྟ་བུ་བྱེད་རྒྱུའི་སྐུལ་མ་བཏང་། ཚོང་རའི་ཏང་འཛུགས་ཀྱི་ཕྱོགས་བསྡུས་ས་ཚུགས་ཆུང་བའི་འཁོར་རྒྱུག་གནས་ཚུལ་དང་འགལ་རྩོད་འདུམ་སྒྲིག་གི་གྲུབ་འབྲས་ལ་ཉན་རྗེས། ཝུའུ་ཞའོ་ཅུན་གྱིས་ཏང་འཛུགས་ཀྱི་སྣེ་ཁྲིད་ལ་བརྟེན་ནས་ཚོང་ར་འཕེལ་རྒྱས་སུ་གཏོང་བའི་གསོན་ཤུགས་ཆེར་བསྐྱེད་པ་དང་། ཚོང་པ་དང་འཛད་སྤྱོད་པར་སྔར་ལས་བཟང་བའི་ཞབས་ཞུ་འདོན་སྤྲོད་བྱེད་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཚོང་རའི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་དོ་དམ་དང་གནད་ཕིགས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན།

སྐྱེ་དངོས་གླིང་ཁུལ་ལྗང་མདོག་རྩིས་ནུས་ཏང་འཛུགས་མནའ་འབྲེལ་དུ། ཝུའུ་ཞའོ་ཅུན་གྱིས་མནའ་འབྲེལ་འཁོར་རྒྱུག་གི་རྐྱེན་སྲོལ་དང་རྩ་འཛུགས་གྲུབ་ཚུལ། གཞི་རིམ་ཏང་འཛུགས། བྱ་བའི་གྲུབ་འབྲས་སོགས་ལ་རྒྱུས་ལོན་གསལ་བོ་བྱས་ནས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བརྩི་བ་དང་། ཁེ་ལས་སུ་སོང་ནས་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པ་དང་བསམ་འཆར་ལ་ཉན་པ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་རིགས་མི་འདྲ་བའི་ཁེ་ལས་འབྲིང་ཆུང་སྣ་ཚོགས་ལ་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་དཀའ་གནད་ཐག་གཅོད་པ། ཁེ་ལས་ཀྱིས་ཚོང་ར་རྒྱ་བསྐྱེད་པ་དང་བདེ་ཐང་འཚར་ལོངས་འབྱུང་བར་རོགས་འདེགས་བྱེད་པ། ཆེད་ལེགས་དམིགས་གསལ་གྱི་ཁེ་ལས་ཆུང་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཚོང་འགུག་དངུལ་འདྲེན་བྱེད་ཤུགས་རྒྱུན་མཐུད་ངང་ཆེར་གཏོང་བ། དཔལ་འབྱོར་འཕར་གནས་གསར་བ་སྔར་ལས་མང་པོ་སྐྱེད་སྲིང་བྱས་ནས། སློབ་སྦྱོང་དང་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་དགོས།

ཁྲའོ་དབྱང་སྲང་ལམ་གྱི་མདོ་ལ་ལམ་གཞིས་ཁུལ་ནུབ་མའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ། ཝུའུ་ཞའོ་ཅུན་གྱིས་ཆུའུ་དང་གྲོང་རྡལ། གཞིས་ཁུལ་བཅས་རིམ་པ་གསུམ་གྱི་ཧྲུའུ་ཅི་དང་མང་ཚོགས། སྡེ་ལས་ཀྱི་འཐུས་ཚབ་པ་བཅས་དང་བཞུགས་མོལ་བྱས་ནས། སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་དང་གྲོས་གཞི་བསམ་འཆར་ལ་ཉན་པ་དང་། དམར་པོ་བཞི་ཡི་ཏང་འཛུགས་བྱ་བའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གནས་ཚུལ་དངོས་ལ་ཉེ་བར་བཅར་བ་དང་བྱ་བ་དང་ཉེ་བར་བཅར་བ། མང་ཚོགས་དང་ཉེ་བར་བཅར་ནས་སློབ་སྦྱོང་སྤེལ་བ་དང་། སློབ་སྦྱོང་ཆད་ལུས་མེད་པ་དང་ཡོངས་སུ་ཁེབས་པར་ཁག་ཐེག་བྱེད་པ། ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ཁྲོད་ཏང་རྩ་འཛུགས་ཀྱི་གཅིག་བསྡུས་ནུས་པ་དང་འཐབ་འཛིང་ནུས་པར་མྱོང་ཚོར་བྱེད་དུ་འཇུག་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་འདུ་ཤེས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས། རིགས་བགར་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པ་དང་། བྱེ་བྲག་ལ་དམིགས་ནས་གནད་དོན་འཚོལ་བ། ས་ཁུལ་མི་འདྲ་བའི་སྡེ་ཁག་དང་ལས་རིགས་ཀྱི་ཉམས་ཞན་ཀྱི་གནས་དང་མི་འདང་སར་རྒྱུས་ལོན་བྱེད་པ། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཕྱོགས་ཀྱི་འབུར་ཐོན་གནད་དོན་བཤེར་སྟོན་བྱེད་པ། ཡུལ་བབ་དང་བསྟུན་ནས་དུས་ཐོག་ཏུ་ཞབས་ཞུ་སྤེལ་བ་དང་རང་འགུལ་གྱིས་ཞབས་ཞུ་སྤེལ་བ། ཞབས་ཞུ་གཏིང་ཟབ་ཏུ་སྤེལ་བའི་ཆུ་ཚད་མཐོར་འདེགས་བཏང་སྟེ། མཉམ་བཅོས་མཉམ་སྡོམ་དང་མཉམ་སྤྱོད་ཀྱི་རྣམ་པ་གྲུབ་པར་བྱེད་དགོས། གཟབ་ནན་གྱིས་གནད་དོན་ཐག་གཅོད་པ་དང་། མང་ཚོགས་ཡིད་ཚིམ་པར་བྱེད་པ། ཁྱིམ་ཚང་མང་པོར་བསྐྱོད་དེ་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ། མང་ཚོགས་ཀྱི་རེ་འདུན་གཙིགས་སུ་འཛིན་པ། བསམ་འཆར་བཏོན་མ་ཐག་མྱུར་དུ་བསྒྲུབ་པ། བསམ་འཆར་གྲོས་གཞི་དེ་བྱ་བའི་བྱེད་ཐབས་སུ་བསྒྱུར་བ། གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་དགོས།

ཝང་ཝེ་ཏུང་དང་ཀྲའོ་ཡུའེ་ཞ་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།