ཞི་ཅིན་ཕིང་གིས་རོ་མ་ནི་ཡའི་བདམས་ཐོན་སྲིད་འཛིན་ཏཱ་ཨེན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2025.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

2025ལོའི་ཟླ5པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་ཁའོ་ཧྲའོ་ཨར.ཏཱ་ཨེན་ལ་གློག་འཕྲིན་བཏང་ནས།  ཁོ་རོ་མ་ནི་ཡའི་སྲིད་འཛིན་ལ་བདམས་པར་རྟེན་འབྲེལ་ཞུས།  ཞི་ཅིན་ཕིང་གིས་རོ་མ་ནི་ཡ་ནི་འཛམ་གླིང་སྟེང་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་རྒྱལ་ཁབ་གསུམ་པ་ཡིན། དུས་ཡུན་རིང་པོའི་ནང་། ཀྲུང་གོ་དང་རོ་མ་ནི་ཡ་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ཆགས་ཡོད། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་སྔར་ལས་ཇེ་མགྱོགས་སུ་འཕེལ་བཞིན་ཡོད་ལ། ཀྲུང་གོ་དང་རོ་མ་ནི་ཡ་རྒྱལ་ཁབ་གཉིས་གྲོགས་པོ་བཟང་བོ་ཡིན་པའི་ངོས་ནས་སྔར་ལས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱུ་དང་། ཐུན་མོང་གི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ཟབ་སྤེལ་གཏོང་བ་བཅས་བྱས་ནས། དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་ཉེན་ཁ་དང་འགྲན་སློང་ལ་གདོང་གཏོད་དགོས། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད་ལ།    སྲིད་འཛིན་ཏཱ་ཨེན་དང་མཉམ་དུ་འབད་བརྩོན་བྱས་ནས།  རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་ལེའུ་གསར་པ་འབད་པས་བརྩམས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།