ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་གནད་དོན་གྱི་ཁྲིད་ཕྱོགས་སུ་རྒྱུན་འཁྱོངས་བྱས་པ་དང་། སློབ་སྦྱོང་དང་ཞིབ་བཤེར། དག་ཐེར་བཅས་ལ་གཞི་གཅིག་སྐུལ་འདེད་བཏང་ནས། སློབ་སྦྱོང་སློབ་གསོ་དེ་རྒྱུན་ལྡན་འཚོ་བའི་ཁྲོད་འདྲེས་པ་དང་རྒྱུན་དུ་དམ་འཛིན་བྱས་ཏེ། སྤྱོད་ཚུལ་ལེགས་པོ་ཆགས་པར་འབད་དགོས།
སློབ་སྦྱོང་སློབ་གསོ་སྤེལ་བའི་རིང་། སྤྱི་བདེ་པུའུ་ཡིས་སློབ་སྦྱོང་དང་ཞིབ་བཤེར། དག་ཐེར་བཅས་གཞི་གཅིག་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ལྟ་ཞིབ་དང་ཞིབ་བཤེར། དཔྱད་ཞིབ་དང་དཔེ་སྟོན་གསར་སྐྲུན་བཅས་ཀྱི་བྱེད་སྒོ་སྔར་ལས་ཚད་ལྡན་དུ་བཏང་བ་དང་། སྒྲིག་འགལ་ངང་གསོལ་སྟོན་བཤམས་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་བསྟར་ཆེད་དོན་བྱ་སྤྱོད་ཚད་ལྡན་དུ་བཏང་། དུས་མཚུངས་སུ། དག་ཐེར་བཅོས་སྒྲིག་དང་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་སྟངས་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་ལ་གཞི་གཅིག་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།
སྤྱི་བདེ་པུའུ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཁུངས་ཀྱི་སྒྲིག་ཨུའི་ཧྲུའུ་ཅི། ཝན་ཆན་གྱིས་བཤད་རྒྱུར། ང་ཚོས་གཏན་ཕབ་གཉིས་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ལ་བརྟེན་ནས། སློབ་སྦྱོང་སློབ་གསོ་དང་སྤྱི་བདེའི་བྱ་བ་གཙོ་བོ་སྔར་ལས་འབྲེལ་མཐུད་མཉམ་འདྲེས་ཐུབ་པར་བྱེད་དགོས། སློབ་སྦྱོང་གི་ཞོར་ལ་ལེགས་བཅོས་དང་། ཞིབ་བཤེར་གྱི་ཞོར་དུ་ལེགས་བཅོས། འཕྲལ་སྒྲུབ་འཕྲལ་བཅོས་བཅས་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་དེ་སྤྱི་བདེའི་བྱ་བ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཕན་འབྲས་གསར་པར་བསྒྱུར་དགོས།
ཁྲིམས་འཛིན་པུའུ་ཡིས་རྩ་འཛུགས་སློབ་སྦྱོང་ནན་མོ་བྱེད་པ་དང་མཉམ་དུ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ཐོག་མངོན་པར་བྱ་རྒྱུ་རྒྱུན་འཁྱོངས་བྱས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཁྱབ་ཁོངས་སུ་གནས་པའི་ཚད་ལྡན་མིན་པའི་གནད་དོན་ལ་དམིགས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་གནད་དོན་དག་ཐེར་ལེགས་བཅོས་དམ་འཛིན་ལེགས་པོ་བྱེད་དགོས། བཀོད་སྒྲིག་ལྟར་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་བསྟར་གྱི་ཆེད་དོན་བྱེད་སྒོ་གཅིག་འདོམས་ཀྱིས་སྤེལ་བ་དང་། འབུར་ཐོན་གནད་དོན་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ནས། གཟབ་ནན་དང་། ཚད་ལྡན། དྲང་གཞག ཚུལ་ལྡན་བཅས་ཀྱི་སྒོ་ནས་ཁྲིམས་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།
ཁྲིམས་འཛིན་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཝང་ཕིན་གྱིས་བཤད་རྒྱུར། མིག་སྔའི་ལེགས་བཅོས་དང་ཡུན་རིང་སྒྲིག་འཛུགས་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། གནད་དོན་གྱི་འབྱུང་རྩ་སྔོག་འདོན་ཟབ་མོ་བྱེད་པ་དང་། གནད་དོན་གྲུབ་རྐྱེན་གྱི་གསལ་ཐོར་ཞིབ་འཇུག་བྱེད་པ། ཁྲིམས་འཛིན་སྲིད་འཛིན་བྱ་བའི་དོན་དངོས་དང་ཟུང་འབྲེལ་སྒོས་རུལ་སུངས་ཀྱི་གྱོད་དཔེ་སྤྱད་དེ། ཉེན་བརྡའི་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྱོད་གཞིར་བརྟེན་ནས་བཅོས་བསྒྱུར་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།
སློབ་གསོ་པུའུ་ཡིས་གནད་དོན་ལ་དམིགས་ནས་བཅོས་བསྒྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཅིག་བསྡུས་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་སྲོལ་སྲིད་སྲོལ་དང་། དགེ་རྒན་གྱི་སྤྱོད་སྟངས། སློབ་གྲྭའི་སྒྲིག་སྲོལ་དང་སློབ་སྲོལ་བཅས་ལེགས་སྐྱོང་བྱེད་པར་གཞི་གཅིག་སྐུལ་འདེད་བཏང་ལ། སློབ་སྦྱོང་སློབ་གསོ་དེ་ཕྱི་ཚུལ་རིང་ལུགས་ལ་དག་ཐེར་བྱ་རྒྱུ་དང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུར་ཟུང་འབྲེལ་བྱས་ནས། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་ལས་གཞན་པའི་ཁུར་པོ་དངོས་སུ་ཇེ་ཡང་དུ་བཏང་། བྱ་སྤྱོད་དངོས་ལ་བརྟེན་ནས་དགེ་སློབ་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས།
རིག་གནས་དང་ཡུལ་སྐོར་པུའུ་ཡིས་“གནད་དོན་གཉིས་ཀྱི་གསལ་ཐོ་”ལྟར། ཀྲུང་དབྱང་གི་སྐོར་ཞིབ་ཕྱིར་ལྡོག་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ། གནད་དོན་གང་ཞིག་ཡོད་ན་གནད་དོན་དེ་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། གནད་དོན་ཞིབ་བཤེར་ཐག་གཅོད་ཀྱི་གསལ་ཐོ་བཟོས་ནས། དག་ཐེར་བཅོས་སྐྱོང་དམ་འཛིན་དང་རྩིས་ཐོ་བཟོ་བ། འགུལ་རྣམ་ཐོ་བསུབ་བཅས་བྱས་པ་དང་། ཞིབ་བཤེར་ཚད་ལེན་དང་ཚད་འཇལ་ཆོག་པའི་བྱ་བའི་གྲུབ་འབྲས་ཐོབ་པར་བརྩོན་ལེན་བྱས།
རིག་གནས་དང་ཡུལ་སྐོར་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཁུངས་ཀྱི་སྒྲིག་ཨུའི་ཧྲུའུ་ཅི། ཅང་ཆིན་ཧྭ་ཡིས་བཤད་རྒྱུར། སྒོ་འབྱེད་སློབ་གསོ་རྒྱུན་འཁྱོངས་དང་བསམ་འཆར་བསྡུ་ལེན། མང་ཚོགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ། རྟོག་ཞིབ་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་གསལ་པོ་རྟོགས་པར་བྱེད་པ་དང་། དམིགས་གཏད་ཡོད་པའི་སྒོ་ནས་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཚོར་ཐུབ་པར་བྱེད་དགོས།
རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་བྱེད་པརམགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་ཐད་ཀྱི་ཞན་ཆ་དང་། ཁྲོམ་རའི་སྒྲིག་ལམ་གྱི་ལྟ་སྐུལ་གནད་འཁེལ་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། གནད་དོན་རེ་རེ་བཞིན་དག་ཐེར་ཡོ་བསྲང་བྱེད་པའི་ཐབས་ལམ་གཏན་འབེབས་བྱས་ཏེ། དངོས་སུ་ཞིབ་བཤེར་དང་ལེགས་བཅོས་བྱས། དེ་དང་མཉམ་དུ། ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་། སྒྲིག་འགལ་ངང་ཡུལ་གཞན་དུ་ཁྲིམས་བསྟར་དང་ཁེ་ཕན་རང་བཞིན་གྱི་ཁྲིམས་བསྟར་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་གཅིག་བསྡུས་སྐུལ་འདེད་བཏང་ནས། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་།
རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲོའུ་ཡུང་གིས་བཤད་རྒྱུར། སློབ་སྦྱོང་དང་གོ་བ་ལེན་ཤུགས་ཇེ་དྲག་ཏུ་བཏང་སྟེ། སྤྱོད་སྟངས་བཟང་པོ་གསོ་སྦྱོང་ཁྲོད། དམངས་ཀྱི་ཆེད་དུ་ལྟ་སྐུལ་དོ་དམ་བྱེད་པའི་འདུ་ཤེས་གཙོ་བོ་ལག་བསྟར་བྱས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཚོང་གཉེར་བྱེད་མཁན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་བསྐྲུན་པ་སོགས་དམངས་འཚོར་ཞབས་འདེགས་ཞུ་བའི་དངོས་གཉེར་བྱེད་ཐབས་རབ་དང་རིམ་པར་བསྒྱུར་དགོས།