ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་རྣམ་པ་གསར་པ་དང་སྤྱོད་ཚུལ་གསར་པ་ལྡན་དགོས་ལ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྒྱུད། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་སྤྱི་ཚོགས་ལས་རིགས་སོ་སོར་ཚུར་སྣང་དྲག་པོ་བྱུང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་ཀྱི་གཙོ་རྒྱུག་རིན་ཐང་སྲ་བརྟན་དང་རྒྱ་སྐྱེད་བཏང་ལ། མི་རིགས་ཡོངས་ཀྱི་བསམ་པའི་ཉམས་འགྱུར་སྔར་ལས་ལེགས་པ་དང་། མི་དམངས་ཀྱི་དཔལ་ཡོན་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་དོན་སྙིང་ལྡན་པ་ཞིག་ཡིན་པས། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། དམིགས་སའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན།
ཀོང་ཞི་ལིའུ་ཀྲོའུ་རུང་ཧྲུའེ་མིའོ་རིགས་རང་སྐྱོང་རྫོང་ཨན་ཁྲུའེ་ཡུལ་ཚོ་ཅང་མོན་སྡེ་བའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི། དབྱང་ཉིང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ང་ལ་སེམས་འགུལ་དང་སྐུལ་མ་ཆེན་པོ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་དང་རེ་སྒུག་ཆེན་པོ་གནང་གིན་ཡོད། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་སྟེ། ཏང་གི་རྗེས་སུ་འབྲངས་ནས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཧི་ནན་ཅའོ་ཙུའོ་ཧྲན་དབྱང་ཁུལ་དབྱི་ཤིན་སྲང་ལམ་གྱི་ཏུང་ཞང་ཨ་མ་བཟང་མོ་བྱ་བའི་ས་ཚིགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི། འགོ་གཙོ། ཀྲང་ཏུང་ཞང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཚང་མས་མིག་མཐོང་ལག་ཟིན་རེད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་མིའི་སེམས་སུ་ཟུག་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ང་ཚོས་གཞི་ནས་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། སྲོལ་གསར་བཟང་པོ་སྡེ་ཁུལ་གྱི་ཕྱོགས་གང་སར་ཁྱབ་ཏུ་བཅུག
ཀྲུང་གུང་ཚོགས་ཆེན་དང་པོའི་རྗེས་དྲན་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་གཙོ། ཞུའེ་ཧྥེང་གིས་བཤད་རྒྱུར། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་ནི་བླ་སྲོག་གཏོད་ནས་མི་གསོ་སྐྱོང་བྱེད་པའི་སྤྱིའི་འཇུག་སྒོ་ལྟ་བུ་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ནི་བློ་སྟོབས་གཅིག་སྒྲིལ་གྱི་ཐབས་ལམ་ཡག་ཤོས་དེ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་བཏང་ནས། བསམ་པའི་ཁྱིམ་གཞིས་ཇེ་བརྟན་དུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་ལ་ཤུགས་བསྣན་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་བསྟར་བྱེད་དགོས། རིག་གནས་ཀྱིས་མི་ལ་ཤུགས་རྐྱེན་ཐེབས་པར་བྱེད་པ་དང་། རིག་གནས་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པར་དོ་སྣང་བྱས་ཏེ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དུས་རབས་གསར་པར་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་བྱ་བ་ལེགས་པོ་བསྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཡོད།
རྒྱལ་ཁབ་གློག་དྲ་ཧེ་ལུང་ཅང་གློག་ཤུགས་མའོ་ཧོ་གློག་འདོན་ཀུང་ཟིའི་བྱང་སྣེའི་གློག་འདོན་སའོ་ཡི་སའོ་ཀྲང་། ལུའི་ཅན་ཧྲེང་གིས་བཤད་རྒྱུར། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྲིད་སྟོན་དུ་བཟུང་སྟེ། ཐོག་མའི་ཕུགས་འདུན་བརྟན་སྲུང་བྱེད་པ་དང་། གློག་ཤུགས་བྱ་གཞག་ལ་ལྷག་བསམ་རྣམ་དག་གིས་བྱས་རྗེས་བཞག་ནས། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་འཚོ་བའི་གློག་ལས་པ་དང་གྲོང་གསེབ་དར་སྤེལ་གྱི་གློག་ཤུགས་གདོང་ལེན་པ་ལེགས་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མེས་རྒྱལ་བྱང་རྒྱུད་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོ་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།
པེ་ཅིང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་མཁར་ནུབ་ཡན་ལག་རུ་ཁག་ཧྥུའུ་ཡིའུ་སྲང་ལམ་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་འགོ་གཙོ། ཅའོ་ཡུན་ལུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་དུས་རབས་གསར་པ་དང་བགྲོད་ལམ་གསར་པར་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན་ཡོད། ང་ཚོ་ཚང་མ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཟུར་ནས་ལྟ་མཁན་མིན་པར། དེའི་ནང་ཞུགས་མཁན་དང་འཛུགས་སྐྲུན་པ་ཡིན་པས་ཚང་མས་མཉམ་དུ་གསར་གཏོད་དངོས་སྒྲུབ་བྱས་ཚེ་གཞི་ནས་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ཐུབ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ངོ་གནོང་མི་དགོས་པ་ཞིག་བྱ་རྒྱུའི་ཁས་ལེན་དགོས།
ཧྥུའུ་ཅན་ཞིང་ནགས་སློབ་ཆེན་རྒྱལ་ཁབ་རྩྭ་སྲིན་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་པ། ལིན་ཀྲན་ཞི་ཡིས་བཤད་རྒྱུར། ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་དོན་སྙིང་ཟབ་མོ་ལྡན་ལ། མི་རིགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་དཔའ་མཛངས་རྟུལ་ཕོད་ཀྱི་མདུན་སྐྱོད་སྟོབས་ཤུགས་ལ་སྐུལ་སློང་བྱེད་པའི་འགག་རྩའི་འདེགས་སྐྱོར་ཡིན། ཚན་རྩལ་ལས་སྒྲུབ་པ་སྔར་ལས་མང་པོ་རྒྱལ་ཁབ་ཀྱི་ཚན་རིག་བྱ་གཞག་ནང་ཞུགས་པ་དང་། ཚང་མས་ལས་སྒྲུབ་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བཅངས་ནས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བྱས་རྗེས་འཇོག་བཞིན་ཡོད།