ས་དེའི་དུས་ཚོད་ཚེས25ཉིན་གྱི་སྔ་དྲོར། ཧིན་རྡུ་ཉི་ཞི་ཡའི་སྲིད་འཛིན་ཕུའུ་ལཱ་པོ་ཝའོ་ཡིས་སྲིད་འཛིན་བཞུགས་ཤག་གི་སྒེར་ཚུགས་ཕོ་བྲང་མདུན་གྱི་ཐང་ཆེན་དུ་མཛད་སྒོ་བསྡུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་འཚམས་འདྲི་གནང་བར་དགའ་བསུ་ཞུས།
ལིས་ཆང་ཕེབས་དུས། ཕུའུ་ལཱ་པོ་ཝའོ་ཡིས་རླངས་འཁོར་འདུག་གནས་སུ་བསུ་མ་བྱས།
དམག་མིའི་རོལ་ཆས་རུ་ཁག་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གུས་ལུགས་མེ་སྒྱོགས་ཐེངས19གྲགས།
དེའི་རྗེས་སུ། ལིས་ཆང་གིས་ཕུའུ་ལ་པོ་ཝའོ་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།