ལིས་ཆང་མཱ་ལེ་ཞི་ཡར་ཕེབས་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ལ་ཞུགས།
2025.05.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ5པའི་ཚེས26ཉིན་གྱི་ཉིན་གུང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་གྱི་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཆེད་བཏང་གནམ་གྲུར་བསྡད་དེ་ཅི་ལུང་ཕོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཞིང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ  མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ལ་ཞུགས།

མཱ་ལེ་ཞི་ཡའི་འགྲིམ་འགྲུལ་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་དང་མ་ལེ་ཞི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཨོའུ་དབྱང་ཡུས་ཅིན་སོགས་ཀྱིས་གནམ་གྲུ་ཐང་དུ་བསུ་མ་བྱས།

ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡར་དངོས་གཞིའི་འཚམས་འདྲི་གནང་ཚར་རྗེས་ཅི་ལུང་ཕོར་བསྐྱོད། ཡ་ཅ་ཏ་ནས་ཞལ་གྱེས་སྐབས་ཧིན་རྡུ་ཉི་ཞི་ཡའི་རྨང་གཞིའི་སྒྲིག་བཀོད་དང་ས་ཁོངས་འཕེལ་རྒྱས་ཀྱི་སྤྱི་འདོམས་པུའུ་ཀྲང་ཨ་ཀུའུ་སི་དང་ཧིན་རྡུ་ཉི་ཞི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ལུའུ་ཐུང་སོགས་ཀྱིས་གནམ་གྲུ་ཐང་དུ་སྐྱེལ་མ་བྱས།