ལིས་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ལ་ཞུགས།
2025.05.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཚེས27ཉིན་གྱི་ཕྱི་དྲོར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་གྱི་གདན་ཞུ་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ལ་ཞུགས།

གྲོས་ཚོགས་ལས“གོ་སྐབས་མཉམ་གཏོད་དང་དར་རྒྱས་མཉམ་སྤྱོད”བརྗོད་བྱ་བྱས་ཤིང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟ་ཞིབ་པའི་འགོ་ཁྲིད་པ། དེ་མིན་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་སོགས་གྲོས་ཚོགས་སུ་ཞུགས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་བར་མཛའ་བརྩེའི་ལོ་རྒྱུས་རིང་བོ་ལྡན་པ་དང་། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་བ་དང་འཛམ་གླིང་གི་དཔལ་འབྱོར་འཕར་ཚད་དལ་བའི་རྒྱབ་ལྗོངས་འོག ང་ཚོས་ཕྱོགས་གསུམ་གྱི་རྩེ་ཚོགས་ལྟ་བུའི་བརྗེ་རེས་སྟེགས་བུ་དང་མཉམ་ལས་ལམ་སྲོལ་བཙུགས་པ་འདི་ནི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་གསར་གཏོད་ཆེན་པོ་ཞིག་རེད་ཅེས་བཤད་ཆོག ཕྱོགས་གསུམ་པོས་སྔར་བས་ཀྱང་སྦྲེལ་མཐུད་དང་མཉམ་ལས་བྱ་རྒྱུ་དེ། རང་སོ་སོའི་དཔལ་འབྱོར་དར་རྒྱས་དང་ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན།

ལིས་ཆང་གིས་བསྟན་དོན། ཕྱོགས་སོ་སོས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བཟང་པོ་བྱས་ནས། ཕྱོགས་གསུམ་པོའི་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ།  དེང་གི་དུས་རབས་འདིར་ས་ཁོངས་ལས་བརྒལ་བའི་སྒོ་འབྱེད་དང་འཕེལ་རྒྱས་ཀྱི་དུས་མཚམས་ལས་བརྒལ་བའི་མཉམ་ལས། དཔལ་ཡོན་མཉམ་འདྲེས་བཅས་ཀྱི་འཛམ་གླིང་ཧྲིལ་བོའི་མཉམ་ལས་འཕེལ་རྒྱས་ཀྱི་མིག་དཔེ་སྟོན་དགོས།  ཕྱོགས་གསུམ་པོས་བྱ་སྤྱོད་དངོས་ལ་བརྟེན་ནས་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་བར་གྱི་གྲོགས་པོའི་འབྲེལ་བར་ཤུགས་བསྣན་ནས། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འགུལ་སྐྱོད་འཆར་གཞི་བཟོ་རྒྱུར་གྲོས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་སོགས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ནུས་ཁུངས་དང་ཞིང་ལས། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། ལྷད་མེད་ཐཱན་ཉུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། མི་སྣ་འགྲོ་འོང་དང་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་དགོས།   ཕྱོགས་གསུམ་གྱིས་ཕྱོགས་མང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། འཛམ་གླིང་བཅོས་སྐྱོང་སྔར་ལས་དྲང་བདེན་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཚོགས་ཞུགས་འགོ་ཁྲིད་ཀྱིས་ཕྱོགས་གསུམ་ཀྱིས་མཉམ་ལས་ལ་ཤུགས་སྣོན་པ་དེས་རང་སོ་སོའི་འཕེལ་རྒྱས་དང་ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། རྩེ་ཚོགས་སྟེང་ཕྱོགས་གསུམ་གྱིས་མཉམ་དུ་འགྲན་སློང་བསུ་བ་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པའི་ལེའུ་གསར་པ་ཞིག་བཏོད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་སྔར་ལས་ཟབ་སྤེལ་བཏང་སྟེ། ཕན་ཚུན་སྦྲེལ་མཐུད་དང་ཐོན་ལས་ཕྲེང་འབྲེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ། ཕྱོགས་མང་རོགས་རེས་དམ་ཟབ་བྱེད་པ། ཕྱོགས་གསུམ་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྟོབས་ཤུགས་ཆེ་ཞིང་དཀྱེལ་ཡངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱས་ནས། ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད།

གྲོས་ཚོགས་ལས《ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ཀྱི་མཉམ་འབྲེལ་གསལ་བསྒྲགས་ལ》གྲོས་འཆམ་བྱུང་།