ལིས་ཆང་གིས་མཱ་ལེ་ཞི་ཡའི་ཙུང་ལིར་མཇལ་འཕྲད་གནང་།
2025.05.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ5ཚེས26ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཅི་ལུང་ཕའོ་འགྲེམ་ཚོགས་ལྟེ་གནས་སུ་མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན།  ཟླ་སྔོན་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཱ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་། ཀྲུང་གོ་ཕྱོགས་ཀྱིས་མཱ་ལེ་ཞི་ཡ་དང་མཉམ་དུ། ལོ་རྒྱུས་རང་བཞིན་གྱི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་།  ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཤིང་། འཐབ་ཇུས་ཀྱི་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་དང་འདོན་སྤྲོད་ཕྲེང་འབྲེལ་སོགས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གཙོ་གནད་ལས་གཞིར་སྐུལ་འདེད་ཏན་ཏིག་གཏོང་བ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་མཱ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི“གསེར་ལས་དཀོན་པའི་ལོ་ངོ་ལྔ་བཅུའི”འགོ་མཉམ་དུ་རྩོམ་འདོད་ཡོད། ཐེངས་འདིའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་འཚོགས་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་ཕྱོགས་ཀྱིས་མཱ་ལེ་ཞི་ཡ་དང་མཉམ་དུ་ཕྱོགས་གསུམ་པོས་དཔལ་འབྱོར་མཉམ་ལས་སྔར་ལས་དམ་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། རང་མོས་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།

ཨན་ཝ་ཨར་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་སྔོན་མར་མཱ་ལེ་ཞི་ཡར་འཚམས་འདྲི་མཛད་པར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཕྱོགས་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་བྱེད་དགོས།

མཱ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་ཐེངས་དང་པོར་གྲུབ་འབྲས་ལེགས་པོ་ལེན་འདོད་ཡོད།