སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པར་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་ལ་ཚུར་སྣང་དྲག་པོ་བྱུང་།
2025.05.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པར་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་ཁྲོད་ནན་གྱིས་བསྟན་དོན། གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་པ་དང་།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་གསོ་སྐྱོང་བྱེད་པར་དམིགས་དགོས། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མིས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བཅངས་པ་དང་། སློབ་ལ་བརྩོན་པ། ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་བསླབ་བྱ་ནན་མོ་ལ་རྒྱ་ཆེའི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་། ན་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ན་ཆུང་གདོང་ལེན་རུ་ཁག་གི་ལས་སྒྲུབ་མི་སྣ་བཅས་ཀྱི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

 ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ན་ཆུང་གདོང་ལེན་རུ་ཁག་གིས་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་གོ་རིམ་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ནན་མོར་བསྟན་ཡོད་པ་དང་། དུས་རབས་གསར་པའི་ན་ཆུང་བཟང་བོར་དམིགས་འབེན་དང་ཁ་ཕྱོགས་གསལ་སྟོན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་ལས་ཚང་མར་དྲོད་ཁོལ་དང་སྐུལ་ལྕག་ཆེན་པོ་ཐེབས་སོང་ཟེར་།

ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི། ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཅའོ་ཅང་ས་ཁུལ་ཚོད་ལྟའི་སློབ་ཆུང་གཉིས་པའི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཞུས་ཧྲིན་ཡུའེ་ཡིས་བཤད་རྒྱུར། ཨ་མྱེས་ཞི་ཡིས་རྟེན་འབྲེལ་འཕྲིན་ཡིག་ཁྲོད་ན་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་མ་འོངས་པའི་སྟོབས་ཤུགས་གསར་པ་ཡིན་པ་གསུངས་ཡོད། འདི་ནི་ང་ཚོའི་ན་ཆུང་བྱིས་པར་བཅངས་པའི་ཐུགས་རེ་ཡིན། ང་ཀྲེ་ཅང་ཐའེ་ཀྲོའུ་ནས་ཡོང་བ་ཡིན། ཏ་ཁྲིན་གླིང་ཕྲན་གསར་སྦོལ་བྱེད་སྐབས་སྤོ་བོ་དང་རྨོ་མོ་ཚོས་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་བློས་གཏོང་ཕོད་པའི་གཏམ་རྒྱུད་རེ་རེ་ངའི་འཚར་ལོངས་ཀྱི་གོ་རིམ་རེ་རེའི་ཁྲོད་སིམ་ཡོད། ང་ཚོས་གསར་སྦོལ་རུ་མི་རྣམས་མིག་དཔེར་བཟུང་ནས་སློབ་སྦྱོང་ལེགས་པོ་དང་ཀུན་སྤྱོད་སྐྱེད་སྲིང་། བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཏེ། ནར་སོན་རྗེས་མེས་རྒྱལ་དང་མི་དམངས་ལ་དྲིན་ལན་འཇལ་དགོས།

ལྷ་ས་གྲོང་ཁྱེར་སློབ་ཆུང་གཉིས་པའི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་པད་མ་ཆོས་འཛོམས་ཀྱིས་བཤད་རྒྱུར། ངས་ཨ་མྱེས་ཞི་ཡི་ཐུགས་རེ་སྟོང་ཟད་དུ་གཏོང་མི་སྲིད། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་རྒྱུ་ཡིད་ལ་བརྟན་པོར་བཅངས་ཏེ། ཚན་རིག་དང་རིག་གནས་ཀྱི་ཤེས་བྱ་ནན་ཏན་གྱིས་སློབ་པ་དང་། ནར་སོན་རྗེས་ཚན་རིག་པ་ཞིག་བྱས་ནས་མེས་རྒྱལ་གྱི་ཚན་རྩལ་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།

 ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི། ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་པའོ་ཐ་ས་ཁུལ་དབྱང་ཅ་ལིན་ཧྥུའུ་ཀྲིག་རེ་བའི་སློབ་ཆུང་གི་ན་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་གྱི་ཟུར་ཁྲིད་པ་ཐའོ་ཧྥེ་ལུང་གིས་བཤད་རྒྱུར། ང་རང་སེམས་འགུལ་ཚད་མེད་ཐེབས་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལ་ཉན་པ་ཡིན། ན་ཆུང་གདོང་ལེན་རུ་ཁག་གི་རུ་ཆེན་གྱི་ཟུར་ཁྲིད་པ་ཞིག་ཡིན་པའི་ཆ་ནས། ང་ལ་འགན་འཁྲི་ལྕི་བ་དང་གཟི་བརྗིད་ལྡན་པའི་ཚོར་བ་ཟབ་མོ་སྐྱེས། སྐྱོད་ལམ་གསར་པའི་སྟེང་ངས“དུས་རབས་གསར་པའི་ན་ཆུང་བཟང་པོའི”ཚད་གཞི་དམིགས་སུ་འཛིན་པ་དང་། ན་ཆུང་བྱིས་པས་ཕུགས་བསམ་འཚོལ་བ་དང་།  སྤྱོད་ལམ་སྐྱོང་བ། འཇོན་ཐང་སྦྱོང་བ་བཅས་ལ་སློབ་གསོ་སྣེ་ཁྲིད་བྱས་ཏེ། ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འབྱུང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྐྱོད་ལམ་གསར་པའི་སྟེང་། ན་ཆུང་གདོང་ལེན་རུ་ཁག་གིས་རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་དགོས་པ་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམིགས་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་མཁན་ཚད་ལྡན་གསོ་སྐྱོང་བྱ་རྒྱུར་དམིགས་དགོས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་བློ་ལ་བརྟན་པོར་ངེས་ནས། ན་ཆུང་བྱིས་པ་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སློབ་གསོ། སྣེ་ཁྲིད་བཅས་བྱས་ཏེ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན། འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་གྱི་ཆེད་དུ་ནམ་ཡང་གྲ་སྒྲིག་བྱས་ཡོད།

 ཅང་ཞི་ཞིང་ཆེན་ཕིན་ཞང་གྲོང་ཁྱེར་ཨན་ཡོན་ས་ཁུལ་གྲོང་ཁུལ་སློབ་ཆུང་གི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཅང་ཙི་རོང་གིས་བཤད་རྒྱུར། སྐེ་དཀྲིས་དམར་པོ་འབྱུང་ཡུལ་གྱི་ན་ཆུང་གདོང་ལེན་རུ་མི་ཞིག་ཡིན་པའི་ཆ་ནས། ངས་ཨ་མྱེས་ཞི་ཡི་མངག་བཅོལ་བློ་ལ་བརྟན་པོར་ངེས་ནས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། གསར་བརྗེའི་རིག་གནས་ཀྱི་འགྲེལ་བཤད་མཁན་བྱས་ཏེ། སྐེ་དཀྲིས་དམར་པོའི་གཏམ་རྒྱུད་ཀྱིས་མི་མང་པོར་ཤུགས་རྐྱེན་ཐེབས་སུ་འཇུག་དགོས། གསར་བརྗེའི་རིག་གནས་ཀྱི་ལག་ལེན་པ་བྱས་ནས་ཕུགས་བསམ་ཆེན་པོ་ཆགས་དགོས། སྙིང་རུས་ཆེན་པོས་ཤེས་བྱ་སློབ་སྦྱོང་བྱས་ཏེ་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སློབ་ལ་བརྩོན་པ། ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་ཏུ་འགྱུར་དགོས།

 ཧི་ནན་ཞིང་ཆེན་ལའོ་དབྱང་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོའི་ཁོངས་གཏོགས་སློབ་ཆུང་གི་རུ་ཆེན་གྱི་ཟུར་ཁྲིད་པ་ལིས་ཁྲིན་དབྱང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་ཱའབྲེལ་འཕྲིན་ཡིག་གི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། ལའོ་དབྱང་གི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཐོན་ཁུངས་ལ་བརྟེན་ནས། བྱིས་པ་ཚོར་ཡུལ་དངོས་ནས་ཀྲུང་ཧྭའི་རིག་གནས་ལ་འཚོལ་ཞིབ་བྱེད་དུ་འཇུག་དགོས། ཁོ་ཚོར་ཀྲུང་ཧྭའི་དཔལ་ཡོན་གྱི་ལོ་རྒྱུས་རྒྱུན་རིང་ཞིང་གཏིང་ཟབ་པ་ཚོར་དུ་བཅུག་སྟེ།  དེའི་གོ་རིམ་ཁྲོད་ནས་ཀུན་སྤྱོད་བཟང་པོ་གསོ་སྐྱོང་དང་ཤེས་བྱ་འཛོམས་སུ་འཇུག་པ། གདེང་ཚོད་ཆེ་རུ་གཏོང་བ། སྟོབས་ཤུགས་བསྡུ་ལེན་བཅས་བྱ་དགོས། ཆུང་དུས་ནས་ཀྲུང་གོ་བའི་ལ་རྒྱ་དང་སྙིང་སྟོབས། གདེང་ཚོད་བཅས་གསོ་སྐྱོང་བྱས་ནས་ཀྲུང་ཧྭའི་དཔལ་ཡོན་གྱི་སྲུང་སྐྱོང་མཁན་དང་རྒྱུན་འཛིན་པ་བྱ་དགོས།  

 ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ན་ཆུང་གདོང་ལེན་རུ་ཁག་གི་སྤྱི་ཁྱབ་ཟུར་ཁྲིད་པ་ལིས་ཁྲའོ་ལིས་ཀྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། ན་ཆུང་གདོང་ལེན་རུ་ཁག་གི་ལག་ལེན་བྱེད་སྒོ་སྣ་ཚོགས་སྤེལ་ནས། ན་ཆུང་གདོང་ལེན་རུ་མིར་ཆུང་དུས་ནས་བློ་བརྟན་འགྱུར་མེད་ཀྱི་འདུ་ཤེས་སྐྱེད་སྲིང་དང་། དཀའ་ཁག་ལ་འཕྲད་ན་མགོ་མི་སྒུར་བ། གྲུབ་འབྲས་ཐོབ་ཚེ་ང་རྒྱལ་མི་སྐྱེས་པར་སྣེ་ཁྲིད་ནས། འབད་བརྩོན་གྱི་སྙིང་སྟོབས་རྒྱུད་འཛིན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བར་དུས་དང་ནམ་པ་ཀུན་ཏུ་གྲ་སྒྲིག་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གིས་ན་ཆུང་གདོང་ལེན་རུ་ཁག་གི་བྱ་བར་མགོ་ཁྲིད་པར་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་ཚོགས་པ་ཡོངས་ཀྱི་སྣེ་ཁྲིད་འགན་འཁྲི་ཇེ་བརྟན་དུ་བཏང་ནས། ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་དང་ཆ་རྐྱེན་ལེགས་པོ་བསྐྲུན་དགོས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གི་ན་ཆུང་བྱིས་པ་དང་ན་ཆུང་གདོང་ལེན་རུ་ཁག་གི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ན་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་ཐད་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་རྒྱུར་སྐུལ་འདེད་གཏོང་བ་དང་། ན་ཆུང་གདོང་ལེན་པར་དུས་རབས་གསར་པའི་གཟི་བརྗིད་སྩོལ་དགོས།

རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་ཐེངས་དགུ་བའི་འཐུས་མི། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ཧྲི་ས་ཁུལ་ན་ཆུང་གདོང་ལེན་རུ་ཁག་གི་སྤྱི་ཁྱབ་ཟུར་ཁྲིད་པ་ཙུའུ་ལིས་ཨ་ཡ་ཐིས·ཨའེ་མའེ་ཐིས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་ང་ཚོར་དུས་རབས་གསར་པའི་ན་ཆུང་གདོང་ལེན་རུ་ཁག་གི་བྱ་བ་ལེགས་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་བོ་བསྟན་ལ། ང་ཚོས་ཏང་གིས་ན་ཆུང་གདོང་ལེན་རུ་ཁག་གི་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས། ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཏང་དང་རྒྱལ་ཁབ་ལ་དགའ་བར་སྐུལ་སློང་བྱས་ཏེ། ཁོ་ཚོར་ལག་ལེན་ཁྲོད་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། “ཁས་ལེན་ལྔ”རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྔ་མོ་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འགྱུར་བར་བྱ་དགོས།

རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་ཐེངས་དགུ་བའི་འཐུས་མི། གུང་གཞོན་ཚོགས་པ་ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་ཧུའུ་ནན་ཞིང་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཀྲི་ཁྲའོ་ཡིས་བཤད་རྒྱུར། ང་ཚོས་ན་ཆུང་བྱིས་པའི་ཆབ་སྲིད་ཀྱི་བློ་འབྱེད་དང་རིན་ཐང་ལྟ་བར་དམིགས་ཏེ་འགན་འཁྲི་གཙོ་བོ་འཁུར་ནས།  ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བླ་སྲོག་སྐྱོང་བ་དང་། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། ཏང་ལ་དགའ་ཞེན་དང་རྒྱལ་གཅེས། སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པར་དགའ་བ། ཁྱོན་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་ན་གཞོན་བཟང་པོ་བྱེད་པར་ཁྲིད་སྟོན་བྱས་ཏེ། ན་ཆུང་གདོང་ལེན་རུ་ཁག་སྒྲིག་འཛུགས་ནན་མོ་བྱས་ནས་རྒྱ་ཆེའི་ན་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སློབ་གྲྭ་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱ་དགོས།

རྒྱལ་ཡོངས་ན་ཆུང་གདོང་ལེན་རུ་ཁག་ཐེངས་དགུ་བའི་འཐུས་མི། གུང་གཞོན་ཚོགས་པ་ཀྲུང་དབྱང་ན་གཞོན་སྡེ་ཁག་གི་མགོ་གཙོ། ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རིན་གཞོན་པ་ལིས་ཧོས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པར། གུང་གཞོན་ཚོགས་པས་ཚོགས་པ་ཡོངས་ཀྱི་སྣེ་ཁྲིད་འགན་འཁྲི་ཇེ་བརྟན་དུ་གཏོང་བ། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ལེགས་པར་བསྒྲུབ་པ། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཟུང་ནས། ན་ཆུང་གདོང་ལེན་རུ་ཁག་གི་སྣེ་ཁྲིད་དེ་རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་བ་དང་། ཏང་དང་གུང་གཞོན་ཚོགས་པ། རུ་ཁག་བཅས་ཀྱི་མི་སྣ་གསོ་སྐྱོང་གི་སྦྲེལ་ཐག་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས། རྩ་འཛུགས་སློབ་གསོ་དང་རང་བརྟེན་སློབ་གསོ། ལག་ལེན་སློབ་གསོ་བཅས་གཏིང་ཟབ་ཏུ་སྤེལ་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་མ་འོངས་པའི་སྟོབས་ཤུགས་གསར་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས།  སྐར་མའི་དཔལ་འབར་དེ་སྐྱོད་ལམ་གསར་པའི་ཐོག་སྔར་ལས་བཀྲག་མདངས་འཚེར་བར་བྱེད་དགོས།