ལིས་ཆང་གིས་འཚམས་འདྲི་གནང་ཚར་ནས་ཕྱིར་པེ་ཅིང་དུ་འབྱོར།
2025.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧིན་རྡུ་ཉི་ཞི་ཡར་འཚམས་འདྲི་གནང་ཚར་བ་དང་། མཱ་ལེ་ཞི་ཡ་རུ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་མཉམ་ལས་རྩེ་ཚོགས་ལ་ཞུགས་རྗེས། གནམ་གྲུར་བསྡད་ནས་ཕྱིར་པེ་ཅིང་དུ་འབྱོར།

ལིས་ཆང་མཱ་ལེ་ཞི་ཡའི་རྒྱལ་ས་ཅི་ལུང་ཕོ་དང་འབྲལ་སྐབས། མཱ་ལེ་ཞི་ཡའི་འགྲིམ་འགྲུལ་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་དང་མཱ་ལེ་ཞི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཨོའུ་དབྱང་ཡུས་ཅིན་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧོའུ་ཡན་ཆི་སོགས་ཀྱིས་གནམ་གྲུ་ཐང་ནས་སྐྱེལ་མ་ཞུས།

བན་དེ་སྐྱབས་ཀྱིས་བསྒྱུར།