ཏེན་ཞུའེ་ཞང་ཀྲུང་གོ་ཚན་རིག་གླིང་གི་རིག་གཞུང་པུའུ་བཙུགས་ནས་ལོ70འཁོར་བའི་བཞུགས་མོལ་ཚོགས་འདུར་ཞུགས།
2025.05.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཚེས30ཉིན་གྱི་ཕྱི་དྲོར“ཚན་རིག་སྙིང་སྟོབས་རྒྱུན་འཛིན་དང་རྒྱལ་ཁབ་སྟོབས་ལྡན་གྱི་རྒྱང་སྐྱོད་ལམ་བུར་བསྐྱོད”པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།

ཚེས30ཉིན་གྱི་ཕྱི་དྲོར“ཚན་རིག་སྙིང་སྟོབས་རྒྱུན་འཛིན་དང་རྒྱལ་ཁབ་སྟོབས་ལྡན་གྱི་རྒྱང་སྐྱོད་ལམ་བུར་བསྐྱོད”པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་།

ཏེན་ཞུའེ་ཞང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཀྲུང་གོ་ཚན་རིག་གླིང་གི་རིག་གཞུང་པུའུ་བཙུགས་ནས་ལོ70འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཡོན་ཧྲི་ཡོངས་དང་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། ཁོང་གིས་བསྟན་དོན།ལོ་ངོ70ཡི་རིང་། ཀྲུང་གོའི་ཚན་རིག་གླིང་གི་རིག་གཞུང་པུའུ་ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། རྒྱ་ཆེའི་ཡོན་ཧྲི་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཐོག་མའི་སེམས་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ། འགག་སྒྲོལ་གྱི་ཁུར་པོ་ལྗིད་མོ་འཁུར་ཕོད་པར་བྱས་ནས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བར་བྱས་རྗེས་རླབས་ཆེན་བཞག་ཡོད། 

ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཚན་རིག་གླིང་གི་རིག་གཞུང་པུའུ་དང་ཡོན་ཧྲི་ཚོགས་པ་ནི་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། “ཁ་ཕྱོགས་པ་བཞི་”ཡི་འཐབ་ཇུས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་རྐང་འཛིན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། སྣེ་ཁྲིད་དེ་ཚན་རིག་ལག་རྩལ་གྱི་ཡང་རྩེར་སྙེགས་ནས་རྒྱལ་ཡོངས་སྒྲིག་སྲོལ་གྱི་དགེ་མཚན་གསར་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གནད་འགག་གི་ལྟེ་བའི་ལག་རྩལ་གང་མགྱོགས་སྒོས་འགག་སྒྲོལ་བྱ་དགོས། ཤུགས་ཆེན་པོས་འཐབ་ཇུས་ཚན་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་སྣེ་ཁྲིད་དེ། ཡོན་ཧྲིའི་ལམ་ལུགས་བཅོས་སྒྱུར་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་བྱེད་དགོས། སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཚན་རྩལ་ཐབས་ཇུས་གལ་ཆེན་གྱི་ཇུས་འདོན་ལས་རོགས་ཡག་པོ་བྱེད་པ་དང་། རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན། རྨང་གཞི་རང་བཞིན་བཅས་ཀྱི་ཞིབ་འཇུག་སྔར་ལས་མང་པོ་སྤེལ་དགོས། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་སྣེ་ཁྲིད་དེ།  མིའི་རིགས་ཀྱི་ཚན་རྩལ་ཡར་ཐོན་ཡོང་བར་ཀྲུང་གོའི་བྱས་རྗེས་སྔར་ལས་མང་པོ་འཇོག་དགོས། ཚན་རིག་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྣེ་ཁྲིད་དེ། ཡོན་ཧྲིའི་མཚན་སྙན་གྱི་དྭངས་གཙང་རང་བཞིན་ལ་སྲུང་སྐྱོབ་དང་། ན་གཞོན་ཚན་ཞིབ་མི་སྣས་མི་ཚེ་ཡི་ཕུགས་བསམ་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ཁྲོད་མཉམ་འདྲེས་ཐུབ་པར་ཁྲིད་སྟོན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་ཚན་ཞིབ་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས་ཐུན་མོང་གིས་ཁོར་ཡུག་བཟང་པོ་ཞིག་གསར་དུ་གཏོད་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་ཚན་རིག་གླིང་གི་འགན་འཁུར་བ་དང་ཡོན་ཧྲིའི་འཐུས་མི་ཚོས་གཏམ་བཤད། ཀྲུང་གོ་ཚན་རིག་གླིང་གི་རིག་གཞུང་པུའུ་ཡི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་། རིག་གཞུང་པུའུ་སོ་སོའི་ཡོན་ཧྲིའི་འཐུས་མི། དེ་མིན་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།