ཟླ5ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཏུན་ཧོང་དུ་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གླེང་མོལ་ཚོགས་འདུ་སྐབས་བཞི་པའི་འགོ་རྩོམ་མཛད་སྒོར་ཞུགས་པ་དང་ཤིས་ཚིག་ཕུལ།
ཟླ5ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཏུན་ཧོང་དུ་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གླེང་མོལ་ཚོགས་འདུ་སྐབས་བཞི་བའི་འགོ་རྩོམ་མཛད་སྒོར་ཞུགས་པ་དང་ཤིས་ཚིག་ཕུལ།
ཧན་ཀྲིན་གྱིས་བསྟན་དོན། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ནི་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དཔལ་ཡོན་བརྗེ་རེས་ལ་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པ་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིར་བཟུང་བའི་དབང་གིས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཅེས་བསྟན། རྒྱལ་ཁབ་སོ་སོའི་མདུན་ལམ་དང་ལས་དབང་དམ་པོར་འབྲེལ་བའི་དེང་གི་དུས་འདིར། དཔལ་ཡོན་མི་འདྲ་བས་ཁོང་ཡངས་མཉམ་གནས་དང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་བཟུང་སྟེ། མིའི་རིགས་ཐུན་མོང་ཐོག་ཡར་ཐོན་དང་འཛམ་གླིང་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་སྲིད། ང་ཚོས་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས། མཉམ་དུ་འཛམ་གླིང་གི་དཔལ་ཡོན་སྣ་མང་རང་བཞིན་ལ་བརྩི་འཇོག་བྱ་རྒྱུའི་རེ་བ་བཏོན་ཏེ། དཔལ་ཡོན་མི་འདྲ་བར་རང་རང་གི་ཁྱད་ཆོས་ལྡན་པ་དང་ཁྱད་ཆོས་མཉམ་གནས་ལ་སྐུལ་འདེད་གཏོང་དགོས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་མཉམ་དུ་འགྲན་སློང་བྱས་ནས། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དེ་འབྲེལ་ཐག་ཏུ་བྱས་ཏེ། མིའི་རིགས་ཀྱི་དཔལ་ཡོན་གྱི་མཛེས་སྡུག་ལྡན་པའི་ལེའུ་མཉམ་དུ་རྩོམ་དགོས། དུས་བསྟུན་མདུན་སྐྱོད་དང་བདེན་སྲུང་གསར་གཏོད་བྱས་ནས། རྒྱལ་ཁབ་སོ་སོའི་ལོ་རྒྱུས་རིག་གནས་ཀྱི་དུས་རབས་རིན་ཐང་རྒྱུན་མི་ཆད་པར་སྔོག་འདོན་བྱས་ཏེ། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རྒྱལ་ཁབ་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལྷག་བསམ་ཟོལ་མེད་ཀྱིས་གླེང་མོལ་དང་མཉམ་ལས་མཉམ་རྒྱལ་བྱས་ནས། གླེང་མོལ་དང་བསམ་ཚུལ་བརྗེ་རེས་བྱེད་པར་བརྟེན་འགལ་བ་སེལ་ནས། ཕན་ཚུན་གྱི་ངོས་འཛིན་གཅིག་མཐུན་དང་མཛའ་མཐུན་གྱི་བརྩེ་མདངས་ཇེ་ཟབ་ཏུ་གཏོང་དགོས། དཔལ་ཡོན་མི་འདྲ་བ་དང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཕན་ཚུན་ལ་རྒྱུས་མངའ་ཡོད་པ་དང་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་ཞིག་ཡིན་པའི་ཆ་ནས། དཔལ་ཡོན་གཞན་དག་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱས་ཏེ། འཛམ་གླིང་གི་དཔལ་ཡོན་འཕེལ་རྒྱས་ཆེད་ཐུན་མོང་མ་ཡིན་པའི་བློ་གྲོས་ཕུལ། ཀྲུང་གོས་བློ་རྩ་བརྟན་པོས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། རྒྱལ་ཁབ་སོ་སོ་དང་མཉམ་དུ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་འབད་པས་དོན་འཁྱོལ་བྱས་ནས། དར་གོས་ཚོང་ལམ་གྱི་སྙིང་སྟོབས་འབད་པས་དར་སྤེལ་གཏོང་བ་དང་། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྒུལ་ཤུགས་དྲག་པོ་སྩོལ་དགོས།
ཚོགས་ཞུགས་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་འདུས་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ནི་ཤེས་དཔལ་མི་འདྲ་བའི་བར་ཕན་ཚུན་རྒྱུས་ལོན་དང་དཔྱད་གཞིར་འཛིན་རྒྱུར་ཕན་པ་ཡོད་པས། རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་ལྷག་པའི་ཕན་བདེ་མང་པོ་བསྐྲུན་ཐུབ།
ཐེངས་འདིའི་གླེང་མོལ་ཚོགས་འདུ་ནི་ཀྲུང་གོ་རྒྱལ་སྤྱིའི་བརྗེ་རེས་མཐུན་ཚོགས་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཀྲུང་ཕྱིའི་ལས་རིགས་སོ་སོའི་མི་སྣ400ལྷག་ཚོགས་འདུར་ཞུགས།
ཚོགས་འདུ་མ་འཚོགས་པའི་སྔོན་ལ། ཧན་ཀྲིན་གྱིས་ཕྱི་རྒྱལ་གྱི་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་།