ད་ལོའི་ཟླ་སྔོན་མ་བཞིའི་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན།
2025.05.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་སྔོན་མ་བཞིའི་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་བ་དང་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན།

ད་ལོའི་ཟླ་སྔོན་མ་བཞི་ལ།  རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གིས་ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཙོ་བོ་ལོངས་སུ་སྤྱད་དེ་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་ལྔ་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་བྱེ་བ་བརྒྱད་ཀྱི་ཁྲལ་འཕྲི་ཡོན་གཅོག་དང་ཁྲལ་སློག་བྱས་པའི་ཟིན་ཚད64.6%ལ་སླེབས་ཡོད་ཅིང་། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཀྱི་ཕན་པ་ཐོགས་ཡུལ་གཙོ་བོ་ཡིན།

འཕར་ཁྲལ་གྱི་འཛིན་ཤོག་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་སྔོན་མ་བཞི་ལ། དམངས་གཉེར་དཔལ་འབྱོར་གྱི་ཚོང་གཉེར་བྱེད་པོའི་ཕྱིར་འཚོང་ཡོང་འབབ་ན་ནིང་གི་དུས་མཉམ་ལས3.6%འཕར་བ་དེ་རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་ཐིག0.9ཡི་མཐོ་ལ། རྒྱལ་ཡོངས་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ་བསྡུར་ཚད་ཀྱི71.3%ཟིན།    ལས་རིགས་དབྱེ་ནས་བལྟས་ན། བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ་ཀྱི་འཕར་ཚད་ཅུང་མགྱོགས་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ལས་རིགས་གཅིག་པའི་ཆ་སྙོམས་ཆུ་ཚད་ལས་མཐོ།

དུས་མཚུངས་སུ་ལས་ཞུགས་མི་གྲངས་བརྟན་བརླིང་ངང་འཕར་ཡོད། ཟླ4པའི་ཟླ་མཇུག་བར། དམངས་གཉེར་ཁེ་ལས་ཀྱིས་སྨན་བཅོས་འགན་སྲུང་གྲོན་དངུལ་དང་རྒན་གསོའི་འགན་སྲུང་གྲོན་དངུལ་འཇལ་བའི་མི་གྲངས་ན་ནིང་གི་དུས་མཉམ་ལས་སོ་སོར1.6%དང0.9%འཕར་བ་དེས་ཁེ་ལས་ཡོངས་ཀྱི་ལས་བཟོ་བའི་གྲོན་འཇལ་མི་གྲངས་ཀྱི་བཅུ་ཆའི་བརྒྱད་ཉེ་བ་ཟིན་ནས། ལས་ཞུགས་བརྟན་པོ་ཡོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

གཞན་ཡང་ད་ལོའི་ཟླ་སྔོན་མ་བཞི་ལ། རྒྱལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ཁྲལ་འབྲེལ་ཚོང་གཉེར་བྱེད་པོའི་གྲངས་ཀ་ན་ནིང་གི་དུས་མཉམ་ལས7.6%འཕར་བ་དང་། གསར་གཉེར་ཚོང་གཉེར་བྱེད་པོ་འཕར་སྣོན་རྒྱུན་འཁྱོངས་ཐུབ་ཡོད་ལ། ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།