ས་གནས་སོ་སོས་དམངས་སྲོལ་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལྔ་པའི་བ་བཞིའི་དུས་ཆེན་བསུས།
2025.05.31 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ལྔ་པའི་བ་བཞིའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ས་གནས་སོ་སོས་ཕུན་སུམ་ཚོགས་པའི་དམངས་སྲོལ་བྱེད་སྒོ་སྤེལ། མི་རྣམས་ཀྱིས་འབྲས་ཆན་བཏུམ་པ་དང་གྲུ་གཟིངས་འབྲུག་མགོ་མའི་འགྲན་སྡུར་བྱས་ནས་ལྔ་པའི་བ་བཞིའི་རིག་གནས་ཀྱི་ནང་དོན་ཉམས་སུ་མྱངས།

བྱེད་སྒོ་སྣ་མང་སྤེལ་ཏེ་ལྔ་པའི་བ་བཞིའི་དུས་ཆེན་བསུས་ནས་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་མངོན། ཅང་སུའུ་དབྱང་ཀྲོའུ་རུ། རིན་ཧྥིན་ལིས་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཧ་ཅང་འདུ་འཛི་ཆེ་བ་དང་། མི་རྣམས་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་ནང་ཞུགས་ནས་ལྔ་པའི་བ་བཞིའི་དུས་ཆེན་གྱི་དུར་མཆོད་དང་འབྲས་ཆན། ཚོན་མདོག་སྣ་ལྔའི་ཐག་པ་བཟོ་བ་སོགས་ཀྱི་གོམས་སྲོལ་ལ་རྒྱུས་ལོན་བྱས། ཧི་ནན་ལུའོ་དབྱང་དུ། ལྔ་པའི་བ་བཞིའི་དུས་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོམ་རར་བྱེད་སྒོ་སྣ་མང་སྤེལ་ནས་མི་རྣམས་ཀྱིས་སྲོལ་རྒྱུན་དུས་ཆེན་གྱི་རིག་གནས་ལ་ཉམས་སུ་མྱོང་བཞིན་ཡོད། ད་དུང་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་རང་བཞིན་གྱི་ལས་གཞིའི་རྒྱུན་འཛིན་པ་མང་པོ་ཞིག་གིས་ཡུལ་དངོས་སུ་སློབ་ཁྲིད་བྱས་ཏེ་བྱིས་པ་ཚོའི་མཐོང་རྒྱ་ཡངས་སུ་བཏང་། ཧྲན་ཞི་ཧྲོ་ཀྲིག་ཏུ། “གནའ་བོའི་ཕྱག་རྟགས·བདེ་ཐང་ཡོང་བའི་སྨོན་ལམ་འདེབས”ཞེས་པ་བརྗོད་གཞིར་བྱས་པའི་ལྔ་པའི་བ་བཞིའི་དུས་ཆེན་གྱི་དམངས་སྲོལ་གསོལ་འདེབས་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། གྲོང་མི་དང་ཡུལ་སྐོར་པས་ལྡོང་རོས་སྒྲོན་པ་དང་སྤོས་ཁུག་འདོགས་པ་སོགས་བྱས་ནས། མཉམ་དུ་མེས་རྒྱལ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས། ཁྲུང་ཆིང་ཡུང་ཞི་ཁྲོམ་གཞུང་དུ་ཡོད། སི་ཁྲོན་ཟློས་གར་གྱི་ལྟེབ་སྒྲིལ་ཟློས་གར་དང་གདོང་བསྒྱུར་སོགས་སྲོལ་རྒྱུན་སྒྱུ་རྩལ་འཁྲབ་སྟོན་ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ས་གནས་ཀྱིས་ད་དུང་ཁྱད་ལྡན་སྒྲོག་ཙེ་རིང་པོའི་གསོལ་སྟོན་བཤམས། ཀན་སུའུ་ཐེན་ཧྲུའེ་དམངས་སྲོལ་རྟེན་མཛོད་ཁང་དུ། གྲོང་མི་དང་ཡུལ་སྐོར་བས་མཉམ་དུ་སྤོས་ཁུག་བཟོས་པ་དང་རླུང་གཡབ་འབྲི་བ་སོགས་བྱས་ནས་སྨོན་འདུན་བཟང་པོ་མཚོན་པར་བྱས།

ཡུལ་སྐོར་པ་ཀྲང་ཡ་ཅོན་གྱིས་བཤད་རྒྱུར། ལྔ་པའི་བ་བཞིའི་དུས་ཆེན་ནི་ང་ཚོ་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་ཡིན། རླུང་གཡབ་འབྲི་བ་ནི་ང་ཚོའི་སྲོལ་རྒྱུན་གྱི་གོམས་སྲོལ་ཞིག་ཡིན། རང་ཉིད་ཀྱིས་དངོས་སུ་རླུང་གཡབ་བྲིས་ཚེ་ངས་བསམ་ན་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད། རྗེས་སུ་བྱེད་སྒོ་འདི་འདྲ་མང་པོ་སྤེལ་བའི་རེ་བ་ཡོད་ཟེར།

འབྲས་ཆན་གྱི་དྲི་ཞིམ་འཐུལ་ཞིང་ཁྱིམ་མཚེས་བར་གྱི་བརྩེ་བ་ཟབ། ཀུའེ་ཀྲོའུ་ཚུང་ཅང་གི་ཡུལ་གཞན་གནས་སྤོས་གཞིས་ཁུལ་དུ། ཀྲོང་རིགས་དང་མིའོ་རིགས། ཏུང་རིགས་སོགས་མི་རིགས11གི་གྲོང་མི་མཉམ་འཛོམས་ཀྱིས་འབྲས་ཆན་ལས་ནས་ལྔ་པའི་བ་བཞིའི་དུས་ཆེན་བསུས། འབྲས་ཆན་ངོས་འཛིན་ཐད་ཀྱི་རོལ་རྩེད་ཀྱིས་ཚང་མ་རོལ་རྩེད་དེའི་ཁྲོད་ཞུགས་པར་སེམས་ཤུགས་བསྩལ། ཉིང་ཞའི་དབྱིན་ཁྲོན་དུ། ས་གནས་ཀྱིས་ཁྱིམ་མཚེས་བར་གྱི་དུས་ཆེན་བྱེད་སྒོ་རྩ་འཛུགས་བྱས་ཤིང་། མི་རིགས་སོ་སོའི་མང་ཚོགས་རྣམས་གཞི་གཅིག་ཏུ་འཛོམས་ནས་རིག་རྩལ་འཁྲབ་སྟོན་ལ་བལྟ་བ་དང་། དངོས་སུ་རླུང་གཡབ་དང་ཚོན་བྱུག་པ་སོགས་བྱས་ཆོག

 ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཞིན་ཆིང་ས་ཁུལ་ཐེན་ཧྲིན་མཁར་སྡེའི་སྡོད་དམངས། ཧྲའོ་ཞུའེ་ཧོས་ཀྱིས་བཤད་རྒྱུར།

ང་ཚོ་ཚང་མ་མཉམ་དུ་འཛོམས་ནས་འབྲས་ཆན་བཏུམ་པ་དང་ལྟད་མོར་ལྟ་བ། རོལ་རྩེད་རྩེ་བ་སོགས་བྱས་ནས་ཁྱིམ་མཚེས་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་སོང་ཟེར།

བསྟུད་མར་ཉིན་འགའི་རིང་། འབྲི་ཆུའི་ལྷོ་བྱང་གི་གྲུ་གཟིངས་འབྲུག་མགོ་མའི་འགྲན་སྡུར་ཡང་སྤེལ་བཞིན་ཡོད། ཧི་པེ་ཆིན་ཧོང་ཏའོ་རུ། འགྲན་ཞུགས་རུ་ཁག20ལྷག་གི་འགྲན་ཞུགས་པ་བཞི་བརྒྱ་ཡིས་དུས་གཅིག་ཏུ་འགྲན་སྡུར་བྱས་པ་དང་། གྲུ་བ་རྣམས་ཀྱིས་མཐུན་སྦྱོར་བཟང་བོ་བྱས་ནས་ཕན་ཚུན་འགྲན་སྡུར་བྱས།  སི་ཁྲོན་མེ་ཧྲན་གྱི་མིན་ཅང་གཙང་པོའི་སྟེང་རྔ་སྒྲའི་ཁྲོད་གྲུ་འདེད་བ་དང་། ཆུ་རླབས་དང་བསྟུན་ནས་གྲུ་གཟིངས་འབྲུག་མགོ་མ་འགྲན་སྡུར་བྱེད་བཞིན་ཡོད་ལ། འགྲན་བསྡུར་གྱི་བར་གསེང་དུ། མི་རྣམས་ད་དུང་ས་གནས་ཀྱི་སྲོལ་རྒྱུན་དམངས་སྲོལ་བྱ་ཀག་འཛིན་པ་སོགས་ཀྱི་རོལ་རྩེད་ཁྲོད་ཞུགས་ནས་འགྲན་སྡུར་ལ་རྣམ་པ་གཞན་ཞིག་མངོན། ། ཨན་ཧུའེ་ཅིན་རྫོང་དུ། འབྲུག་གྲུ་མང་པོ་ཆུ་ནང་དུ་འགྲན་སྡུར་བྱེད་བཞིན་ཡོད་ལ། ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་འབོད་ཁྲོད་འགྲན་སྡུར་གྱི་མཚར་ཉམས་རེ་རེ་ཟིན་ཐོར་བཀོད།

ཡུལ་སྐོར་པ་ཚའོ་དབྱི་ཝུན་གྱིས་བཤད་རྒྱུར། སྲོལ་རྒྱུན་གྱི་དམངས་སྲོལ་དང་རང་བྱུང་མཛེས་ལྗོངས་ཕན་ཚུན་ཟུང་འབྲེལ་བྱས་ཏེ་རིག་གནས་རྒྱུན་འཛིན་ལ་དེ་བས་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་ནས་མི་རྣམས་ལ་སེམས་འགུལ་ཐེབས་ཟེར།