ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་བསྡུས།
2025.05.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས30ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མཱ་ཧྥུན་ཧྲིན་གྱིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པར་ཆད་པ་གཅོད་པའི་གཏན་འབེབས་བསྒྲགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས།  ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུར་འགོ་འཛིན་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་མེ་ཕིན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་སྲིད་གྲོས་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ། ཏང་ཀྲི་པུའུ། དེ་བཞིན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན་ཏང་ཙུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་རྣམ་འགྱུར་གསལ་སྟོན་གྱི་གཏམ་བཤད་དེ། ཏང་ཀྲུང་དབྱང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་མགྲིན་གཅིག་ཏུ་བསྟན།

གྲོས་ཚོགས་སྟེང་མཱ་ཧྥུན་ཧྲིན་ལ་ཆད་པ་གཅོད་པའི་གཏན་འབེབས་ཀྱིས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་པ་དང་། རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་བྱེད་པ་དང་ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ་བྱེད་པའི་རྣམ་འགྱུར་གསལ་སྟོན་བྱས་ཡོད། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་རྒྱུ་ཡིན་ཞེས་བསྟན།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ནན་མོ་བླངས་ནས། མཱ་ཧྥུན་ཧྲིན་གྱི་གྱོད་དཔེའི་ཉེན་བརྡ་དང་བསླབ་བྱ་བསྡུ་ལེན་གང་ལེགས་བྱས་ཏེ། སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བརྩིས་ནས། གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་ནན་མོ་བྱེད་དགོས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་དགོས། ཏང་ཙུའུ་ཧྲུའུ་ཅིས་འགན་འཁུར་པ་གཙོ་བོའི་འགན་འཁྲི་ཏན་ཏིག་གིས་འཁུར་དགོས་པ་དང་། ཏང་ཙུའུ་ཡི་ཁོངས་མིས“ལས་གནས་གཅིག་སྟེང་གི་འགན་འཁྲི་གཉིས”ནན་ཏན་སྒོས་ལག་བསྟར་བྱེད་དགོས་ལ། ཞིང་ཆེན་སྲིད་གྲོས་ལས་ཁུངས་སུ་མངགས་གཏོང་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གིས་འགན་ནུས་སྔར་ལས་ལེགས་པར་བསྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། རིམ་པ་སོ་སོས་གནོན་ཤུགས་བརྒྱུད་སྤྲོད་དང་འགན་འཁྲི་དོན་འཁྱོལ་བྱས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་གལ་ཆེན་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གཤིས་གསོ་སྦྱོང་བྱེད་དགོས།  མཱ་ཧྥུན་ཧྲིན་གྱི་གྱོད་དཔེ་དེ་སྲིད་གྲོས་ཀྱི་སློབ་སྦྱོང་སློབ་གསོའི་དཔེ་མཚོན་ཞིག་ཏུ་བརྩིས་ཏེ། ཏང་ཡོན་ལས་བྱེད་པས་དཔེ་མཚོན་དེ་ཉིད་རང་ཉིད་དང་འགན་འཁྲི། བྱ་བ་བཅས་ཀྱི་ཁྲོད་དུ་འཇོག་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས། མཱ་ཧྥུན་ཧྲིན་གྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་དང་འགལ་བའི་བྱེ་བྲག་གི་གྱོད་དཔེའི་ཁྲོད་ནས་ཉེན་བརྡ་དང་བསླབ་བྱ་ཟབ་མོ་བསྡུ་ལེན་བྱས་ཏེ། ཏང་གཤིས་གསོ་སྦྱོང་རྒྱུན་འཁྱོངས་བྱས་ནས།  ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་སྲུང་བྱེད་པའི་བསམ་བློའི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཏང་ལ་ལྷག་བསམ་ཆེ་བ་དང་མི་དམངས་ལྟེ་བར་འཛིན་པ། ཏང་གི་ཆེད་དུ་འགན་འཁྲི་སྒྲུབ་པ་བཅས་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱི་ཏང་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ལས་བྱེད་པས་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོའི་ངོས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ། མཱ་ཧྥུན་ཧྲིན་གྱི་གྱོད་དཔེའི་བསླབ་བྱ་བསྡུ་ལེན་ནན་མོ་བྱས་ནས། “དམིགས་བསལ་སྨྲ་བ་”དང“ཁ་གསབ་ཀྱི་སེམས་ཁམས”དེ་སྲིད་གྲོས་སུ་མཐའ་གཅིག་ཏུ་མེད་པར་བཟོས་ཏེ། རྒྱུན་ལྡན་དང་ཕན་ནུས་ལྡན་པའི་ངང་ནས་སྒྲིག་འགལ་གྱི་སྒོ་ནས་བཟའ་བཏུང་ལ་རོལ་བ་དང་སྒྲིག་འགལ་གྱི་སྒོ་ནས་ལེགས་སྐྱེས་དང་དངུལ་སྟེར་ལེན་སོགས་ཀྱི་གནད་དོན་ལ་ཆེད་དུ་བཅོས་སྐྱོང་ནན་མོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཉེན་མཚམས་ལ་མི་རེག་པ་དང་ཉེན་མཚམས་ལས་མི་བརྒལ་བར་བྱས་ནས། སྒྲིག་སྲོལ་སྒྲིག་ཁྲིམས་བརྩི་སྲུང་དང་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་བཟང་བོ་གྲུབ་པར་སྐུལ་འདེད་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།