སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཐའ་ཡས་པའི་འཇིག་རྟེན་འཚོལ་ཞིབ་དང་། མཁའ་སྐྱོད་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་རྒྱུ་ནི། ང་ཚོས་འབད་བརྩོན་ལྷོད་མེད་ཀྱི་འཚོལ་སྙེག་བྱ་དགོས་པའི་མཁའ་སྐྱོད་ཀྱི་ཕུགས་འདུན་ཡིན་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་བཀོད་སྒྲིག་གནང་བའི་འོག ཀྲུང་གོའི་མཁའ་སྐྱོད་ལས་དོན་གྱིས་ཚན་རྩལ་རང་སྟོབས་རང་སྤེལ་དང་འགག་སྒྲོལ་དཀའ་སེལ། གྲུབ་འབྲས་གསར་པ་རྒྱུན་མི་ཆད་པར་བླངས་ཏེ། མཁའ་སྐྱོད་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད།
ཡངས་པའི་འཇིག་རྟེན་མུ་མཐའ་བྲལ་ཡང་། ཕུགས་འདུན་དོན་གཉེར་མཚམས་མི་ཆད། སྐབས་འདིར། དུས་ཡུན་ལོ་བཅུ་ཡས་མས་སུ་བར་སྣང་དུ“རྒྱང་སྐྱོད”བྱས་པའི་གནམ་དཔྱད་གཉིས་པ་དེ། རྒྱུ་སྐར་ཆུང་གྲས2016HO3ཕྱོགས་སུ་རྒྱུག་བཞིན་ཡོད་ལ། ཀྲུང་གོ་བས་བར་སྣང་དུ་འཚོལ་ཞིབ་བྱེད་པའི་ཕྱོགས་སུ་གོམ་པ་གསར་པ་སྤོས་ཡོད། ད་ལོའི་ཟླ་སྔོན་མ་ལྔ་ལ། ཀྲུང་གོའི་མཁའ་སྐྱོད་ཀྱིས་ཐེངས32འཕེན་གཏོང་བྱས་པ་དང་། འཁོར་ལམ་ཐོག་བསྐྱོད་པའི་མཁའ་སྐྱོད་ཡོ་བྱད140ལྷག་གིས་གོམ་པ་རེ་རེ་བཞིན་མཁའ་སྐྱོད་རྒྱལ་ཁབ་སྟོབས་ལྡན་གྱི་དམིགས་འབེན་ཕྱོགས་སུ་བརྟན་པོའི་ངང་བསྐྱོད་ཡོད།
མཁའ་སྐྱོད་ཀྱི་ཕུགས་འདུན་ནི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་ཕུགས་འདུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་མཁའ་སྐྱོད་ལས་དོན་འཕེལ་རྒྱས་འགྲོ་རྒྱུར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཁོང་མཁའ་སྐྱོད་འཕེན་གཏོང་ར་བར་ཐེངས་མང་ཕེབས་ནས། མཁའ་སྐྱོད་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། མཁའ་སྐྱོད་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་པའི་དཔུང་སྡེར་མཇལ་འཕྲད་གནང་སྟེ། རྒྱ་ཆེའི་མཁའ་སྐྱོད་ལས་དོན་པར་ཡང་འབད་བསྐྱར་འབད་ཀྱིས་དུས་བསྟུན་མདུན་སྐྱོད་བྱེད་དགོས་པ་དང་། མཁའ་སྐྱོད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་ལྕག་གནང་།
ཀྲུང་གོའི་མཁའ་སྐྱོད་ཚན་རྩལ་སྡེ་ཚོགས་གླིང་དང་པོའི་དབུ་བཞུགས་སྤྱི་ཁྱབ། ཝང་ཅུའེ་ཡིས་བཤད་རྒྱུར། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ཏེ། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ལ། མི་སྡོད་ཟླ་བའི་གོ་ལར་འཛེགས་པའི་མེ་ཤུགས་འཕུར་མདའ་སོགས་མེ་ཤུགས་འཕུར་མདའ་ཆེ་གྲས་ཞིབ་བཟོ་དང་མཁའ་སྐྱོད་སྐྱེལ་འདྲེན་ལག་རྩལ་བསྐྱར་དུ་སྤྱོད་པའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། བར་སྣང་དུ་སྐྱོད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་།
སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དང་སྐུལ་ལྕག་གིས། ཀྲུང་གོའི་མཁའ་སྐྱོད་རྒྱུན་ཆད་མེད་པར་གཏིང་ཟབ་དང་དེ་ལས་རིང་བའི་བར་སྣང་དུ་བསྐྱོད་རྒྱུར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད། ས་ངོས་དང་བར་ཐག་སྤྱི་ལེ་བཞི་བརྒྱ་ཙམ་ཡོད་པའི་བར་སྣང་གི་འཁོར་ལམ་སྟེང་། ལྷ་གྲུ་ཨང་ཉི་ཤུ་པ་རྟགས་ཅན་གྱི་ཚན་ཆུང་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱས་ནས་ཟླ་བ་གཅིག་ལྷག་སོང་བ་དང་། བར་སྣང་ཚན་རིག་ཚོད་ལྟ་དང་མ་ལག་ཧྲིལ་པོའི་གནོན་ཤུགས་འཕྲལ་སྡོམ་ནང་སྦྱོང་སོགས་ཀྱི་བྱ་བ་མང་པོ་སྤེལ། ལྷ་གྲུ་དང་པོ་ནས་ལྷ་གྲུ་ཉི་ཤུ་པ་དང་། མི་མེད་ཚོད་ལྟ་ནས་ཡུན་རིང་བཅའ་སྡོད་བྱེད་པ། མི་གཅིག་ཉིན་གཅིག་ནས་མི་མང་ཉིན་མང་། གྲུ་ཚང་ནང་གི་མཁའ་དབྱིངས་ཚོད་ལྟ་ནས་གྲུ་ཚང་ནས་ཕྱིར་འབུད་པའི་བར་སྣང་གི་བྱ་འགུལ། གྲུ་གཟིངས་རྐྱང་པ་འཕུར་སྐྱོད་བྱེད་པ་ནས་སྡེབ་སྒྲིག་གཟུགས་བརྟན་པོའི་ངང་འཁོར་སྐྱོད་བྱེད་པ། “དྲུག་རབས་པ”དང“དོན་རབས་པ”“གྱ་རབས་པ”“གོ་རབས་པ”པའི་བར། ཀྲུང་གོའི་མི་སྡོད་མཁའ་སྐྱོད་དེ་ཐེངས་རེ་རེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་སྟེང་། ཀྲུང་གོའི་མཐོ་ཚད་ལ་རྒྱུན་མི་ཆད་པར་གསར་བ་བསྐྲུན་ཡོད། ད་སྐབས། ཀྲུང་གོའི་བར་སྣང་ས་ཚིགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་ནས་ལོ་བཞི་འགོར་བ་དང་། སྔ་རྗེས་སུ་དཀའ་ཁག་རབ་དང་རིམ་པ་སེལ་ནས། འཁོར་ལམ་དུ་ཡོད་པའི་མཁའ་སྐྱོད་འཕྲུལ་ཆས་ཀྱི་སྡེབ་སྒྲིག་གཟུགས་ཚོད་འཛིན་དང་ལག་རྩལ་དོ་དམ། གནད་ལ་འཁེལ་བའི་ཉམས་འགྱུར་ཚོད་འཛིན་གྱི་ཚོད་འཛིན་ནུས་པ་དང་འཕང་ལོའི་ལག་རྩལ་སོགས་རང་བརྟེན་ཤེས་བྱའི་བདག་དབང་ལྡན་པའི་ལྟེ་བའི་ལག་རྩལ་འབོར་ཆེན་ཁོང་དུ་ཆུད་ཡོད།
ཀྲུང་གོའི་མཁའ་སྐྱོད་ཚན་རྩལ་སྡེ་ཚོགས། ཀྲང་ཝེ་ཡིས་བཤད་རྒྱུར། ང་ཚོས་རང་བདག་གསར་གཏོད་ལ་ཤུགས་སྣོན་དང་། རང་བདག་གསར་གཏོད་ལ་བརྟེན་ནས་ང་ཚོའི་མཁའ་སྐྱོད་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བར་སྣང་ས་ཚིགས་ཀྱི་གློག་ཁུངས་དང་། བསྐྱར་སྐྱེས་ཚེ་སྲོག་འགན་སྲུང་། འཕྲུལ་ཆས་ཀྱི་དཔུང་པ། ཁ་གསབ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལག་རྩལ་དེ་དག་ནི་དོན་དངོས་ཐོག་ང་ཚོས་རང་བདག་གསར་གཏོད་བྱས་པའི་ཐོན་དངོས་ཡིན་པ་དང་། ལག་རྩལ་འདི་དག་ལྕགས་ལམ་དུ་དངོས་སུ་བཀོལ་སྤྱོད་བྱས་པ་ཧ་ཅང་བཟང་།
ན་ནིང་གི་ལོ་མཇུག་བར། ཀྲུང་གོའི་བར་སྣང་ས་ཚིགས་ཀྱིས་ཚན་རིག་ཞིབ་འཇུག་དང་ལས་གཞི་ཉེར་སྤྱོད་བརྒྱ་དང་བརྒྱད་ཅུ་ལྷག་ལག་བསྟར་བྱས་པ་དང་། བར་སྣང་བེད་སྤྱོད་གྲུབ་འབྲས་བཞི་སྟོང་ལྷག་ལས་རིགས་སོ་སོར་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད། ཀྲུང་གོའི་བར་སྣང་ས་ཚིགས་ཙམ་མ་ཟད། ཀྲུང་གོའི་མཁའ་སྐྱོད་ཀྱང་དེ་བས་ཟབ་པའི་བར་སྣང་དུ་བསྐྱོད་ཡོད། “བྱང་སྐར་སྤུན་བདུན”ཚོ་སྒྲིག་དྲ་བ་དང་། “ཟླ་བའི་ལྷ་མོས”ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པ“གནམ་དཔྱད”ཀྱིས་མིག་དམར་འཚོལ་བ། “ཞི་ཧོ”རྟགས་ཅན་གྱིས་ཉི་མར་བརྟག་དཔྱད་བྱེད་པ་བཅས་རང་རྒྱལ་གྱི་བར་སྣང་ཚན་རིག་དང་། བར་སྣང་ལག་རྩལ། བར་སྟོང་བེད་སྤྱོད་བཅས་ཕྱོགས་ཡོངས་ནས་ཐོད་བརྒལ་བྱུང་ཡོད། ཧྲང་ཧའེ་རུ། མ་གནས་དམའ་བའི་ཟོག་འདྲེན་འཕུར་གྲུ“ཡང་བའི་གྲུ་གཟིངས”ཞིབ་བཟོ་དམ་འཛིན་བྱས་ནས་ད་ལོར་ཐེངས་དང་པོར་འཕུར་རྒྱུ་ཡིན་པ་དང་། ཟླ་བའི་གོ་ལའི་ལྷོ་སྣེ་རུ་ཡང་མི་འགྱངས་པར“ཟླ་བའི་ལྷ་མོས”འཚོལ་ཞིབ་བྱ་རྒྱུ་རེད།
ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཀྲུང་གོའི་ཟླ་ཞིབ་བཟོ་སྐྲུན་གྱི་སྤྱི་ཁྱབ་ཇུས་འགོད་པ། ཝུའུ་ཝེ་རུན་གྱིས་བཤད་རྒྱུར། ཟླ་བའི་ལྷ་མོ་བདུན་པ་རྟགས་ཅན2026ལོར་ཟླ་བའི་ལྷོ་སྣེར་བབས་ནས་ཆུ་ཡོད་མེད་ལ་བརྟག་དཔྱད་བྱ་རྩིས་ཡོད། ཟླ་བའི་ལྷ་མོ་བརྒྱད་པ་རྟགས་ཅན་གྱིས་གཙོ་བོ་ཟླ་བའི་ལྷོ་སྣེ་རུ་ང་ཚོའི་འཕྲིན་གཏོང་མ་ལག་དང་ནུས་ཁུངས་མ་ལག་ལ་འཚོལ་ཞིབ་བྱ་རྒྱུ་ཡིན། དེ་མིན་ཟླ་བའི་སྟེང་ནས་ས་རྒྱུ་ཐད་ཀར་སྤྱད་ནས་འཛུགས་སྐྲུན་གྱི་སོ་ཕག་ཐོག་མ་ལས་ཏེ། རྗེས་ཕྱོགས་ཟླ་བའི་གོ་ལའི་ཚན་རིག་ཞིབ་འཇུག་ས་ཚིགས་བསྐྲུན་པར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱ་རྒྱུ་ཡིན་ཟེར།
རྒྱུན་མི་ཆད་པར་འཚོལ་ཞིབ་བྱེད་པ་དང་ཆབས་ཅིག ཀྲུང་གོའི་མཁའ་སྐྱོད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཀྱང་བསྟུད་མར་ཆེ་རུ་བསྐྱེད་བཞིན་ཡོད། མིག་སྔའི་བར་ཏུ། ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ལྔ་བཅུ་ལྷག་དང་མཁའ་སྐྱོད་ཀྱི་མཉམ་ལས་གྲོས་མཐུན200ལ་ཉེ་བར་མིང་རྟགས་བཀོད། དེའི་ནང་ས་ངོས་ལ་ལྟ་ཞིབ་ཚད་ལེན་དང་ཟླ་བའི་གོ་ལ། མཁའ་དབྱིངས་ཀྱི་འཚོལ་ཞིབ་ཚད་ལེན། སྲུང་སྐར་ཞིབ་འཇུག་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་མང་པོ་ཁེབས་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་ཚེ། མི་སྡོད་ཟླ་འཛེགས་ལས་འགན་ཞིབ་འཇུག་བཟོ་སྐྲུན་གྱི་འཕེལ་རིམ་བདེ་བླག་རེད། རྒྱང་སྐྱོད་བཅུ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་། མུན་ཀྲུག་མི་སྡོད་འཕུར་གྲུ། ལན་ཡོའེ་ཟླ་ངོས་འབབ་ཆས། ཝང་ཡུའུ་ཟླ་འཛེགས་ཞབས་ཞུ། མི་སྡོད་ཟླ་བའི་གོ་ལའི་རྐང་འཁོར་འཚོལ་ཞིབ་སོགས་འཆར་གཞི་ལྟར་ཐོག་མའི་མ་དཔེ་ཞིབ་བཟོ་ཚོད་ལྟའི་ལས་དོན་སྤེལ་བཞིན་ཡོད་པ་དང་། སྐར་མ་མིག་དམར་གྱི་མ་དཔེ་བླངས་པ་དང་སྐར་མ་ཕུར་བུའི་སྐར་ཚོམ་འཚོལ་ཞིབ་བྱེད་པ། རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་སོགས་མཁའ་སྐྱོད་ཀྱི་བཟོ་སྐྲུན་གལ་ཆེན་ཡང་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་མཁའ་སྐྱོད་ལས་དོན་དེ་རྣམ་པ་གསར་རྐྱང་དང་དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་ཐོག་ནས་མཁའ་སྐྱོད་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་ཐོག་འབད་འཐབ་བྱེད་བཞིན་ཡོད།