བྱིས་བློའི་ཕུགས་འདུན་བསྐྲུན་ནས་འབྱུང་འགྱུར་གྱི་ལས་ལ་བརྩོན།
2025.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རེ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཧ་ཅང་མཐོང་ཆེན་གནང་ནས། ཁོང་གིས“དུས་རབས་གསར་པའི་ཀྲུང་གོའི་བྱིས་པ་ནི་ཕུགས་འདུན་ཡོད་པ་དང་། བློ་སྤོབས་ཡོད་པ་དང་སློབ་སྦྱོང་ལ་དགའ་བ། ངལ་རྩོལ་ལ་དགའ་བ་བཅས་ཡིན་དགོས་ལ། དྲིན་ཚོར་དང་མཛའ་མཐུན་ཤེས་པ། གསར་གཏོད་བྱེད་ཕོད་པ། འབད་འཐབ་བྱེད་ཕོད་པ་དང་། དེ་མིན་ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་བྱིས་པ་བཟང་པོ་ཡིན་དགོས་པ་བསྟན་ལ། སློབ་སྟོན་ནན་མོ་དང་ཚིག་རེ་རེར་ཐུགས་ཁུར་ཟབ་མོས་ཁེངས་ཤིང་། དུས་རབས་གསར་པའི་ལོ་ཆུང་བྱིས་པ་རྣམས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་འོག་བདེ་ཐང་ངང་འཚར་ལོངས་བྱུང་ནས་ཕུགས་འདུན་སྙེགས་བཞུན་མདུན་སྐྱོད་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།

དྲུག་གཅིག་གི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་བ་དང་། འཕྲིན་ཡིག་ནང་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས། དྲུག་གཅིག་ལ་སླེབས་ཐེངས་རེར་སྨོན་འདུན་འདི་དུས་ལྟར་ཐོན་སྲིད་ལ། འདིས་བྱིས་པ་ཚོར་དྲོད་སྐྱིད་དང་སྐུལ་ལྕག་ཆེན་པོ་ཐེབས་ཀྱིན་ཡོད།

སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅ་ལིན་ས་ཁུལ་ཀྲི་ཅང་སློབ་ཆུང་གི་སློབ་མ་ཝུའུ་ཅུན་ཞི་ཡིས་བཤད་རྒྱུར། ངས་ཨ་མྱེས་ཞི་ཡི་རེ་བ་སྟོང་ཟད་དུ་མི་གཏོང་ཁོ་ཐག་ཡིན། ཕུགས་འདུན་ཆེན་པོ་འཆང་བ་དང་། དུས་སྐལ་བཟང་བོ་གཅེས་འཛིན་སྒོས་ཚན་རིག་དང་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱས་ནས། ནར་སོན་རྗེས་མེས་རྒྱལ་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

 གྲོགས་པོ་ཆུང་ཆུང་ཚོའི་འཚར་ལོངས་ཕྲན་བུ་རེ་རེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་སུ་བཅངས་ཏེ། ཡང་ཡང་མངགས་བཅོལ་ནན་མོ་བྱས་ནས་ལོ་ཆུང་བྱིས་པའི་ལུས་སེམས་བདེ་ཐང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་ནས་ཀྲུང་གོའི་མ་འོངས་པར་“རྨང་གཞི་བརྟན་པོ”བཏིངས་ཡོད།

ཨ་མྱེས་ཞི་ཅིན་ཕིང་གི་སྐུལ་ལྕག་འོག ཕུགས་འདུན་ཆུང་ཆུང་རེ་རེར་མེ་ཏོག་བཞད་པ་དང་འབྲས་བུ་སྨིན་བཞིན་ཡོད། ན་ནིང་། པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭའི་ཧྲེན་ཡུའེ་རན་དང་གྲོགས་པོ་ཆུང་ཆུང་ཚོར་རྒྱལ་སྤྱིའི་ན་གཞོན་མི་མེད་མ་ལག་གི་རྩལ་འགྲན་འགྲན་བསྡུར་གྱི་ཆུ་འོག་རྣམ་གྲངས་ཀྱི་བྱ་དགའ་ཆེན་པོ་ཐོབ་པ་དང་། ཚན་རྩལ་འཚོལ་ཞིབ་ཀྱི་ལམ་དུ་བསྐྱོད་ཐུབ་པ་དེ་ནི་ཧྲིན་ཡན་གྱིས་ཨ་མྱེས་ཀྱི་སྐུལ་ལྕག་དང་ཁ་འབྲལ་ཐབས་མེད་པར་བཤད།

པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭའི་སློབ་མ་ཧྲེན་ཡུའེ་རན་གྱིས་བཤད་རྒྱུར། ཨ་མྱེས་ཞི་ལགས་ཀྱིས་སྔོན་ཆད་ཚང་མས་ཤེས་བྱའི་ཐད་ཀྱི་རེ་བ་དང་འཚོལ་ཞིབ་ཀྱི་སྤྲོ་སྣང་རྒྱུན་འཁྱོངས་བྱས་ནས་ཚན་རིག་གི་སྙིང་སྟོབས་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན། སློབ་གྲྭའི་ཚན་རྩལ་དུས་ཆེན་ནས་རྒྱལ་སྤྱིའི་འགྲན་བསྡུར་ཆེན་མོར་ཞུགས་པའི་བར། ཨ་མྱེས་ཞི་ཡི་མངགས་བཅོལ་གྱིས་ཐོག་མཐའ་བར་གསུམ་དུ་ང་ལ་མ་འོངས་པར་སྐུལ་མ་ཐེབས་ཡོད། མ་འོངས་བར་ངས་གསང་བ་མང་པོར་འཚོལ་ཞིབ་བྱས་ཏེ་ང་ཚོའི་རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་ཆུང་ཆུང་ཞིག་འབུལ་རྒྱུ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་འདེད་འོག ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱ་རྒྱུར་དམིགས་ནས་སྲིད་ཇུས་དང་ལམ་ལུགས་ཀྱི་འགན་ལེན་འཐུས་ཚང་དུ་བཏང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་བྱིས་པ་ཚོའི་མི་ཚེའི་གོམ་པ་དང་པོ་ཡང་དག་པར་སྤོས་ནས། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཚན་རིག་སློབ་གསོའི་ཚོད་ལྟ་ཁུལ་དང་ཚན་རིག་སློབ་གསོའི་ཚོད་ལྟའི་སློབ་གྲྭ་དེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པར་བྱས་ནས་བྱིས་པ་ཚོའི་ཚན་རིག་གི་ཕུགས་འདུན་ལ་སྣེ་ཁྲིད་པ་དང་། ཉིན་རྒྱུན་གྱི་ལུས་རྩལ་སློབ་ཚན་གཅིག་ནས་སློབ་གསེང་གི་སྐར་མ་བཅོ་ལྔའི་བར་བྱིས་པ་ཚོའི་ལུས་ན་རྔུལ་ཆུ་ཡོད་པ་དང་མིག་ལམ་དུ་འོད་འཚེར་བར་བྱས། མཛེས་རིག་སློབ་གསོའི་བསླབ་ཚན་རྒྱ་སྐྱེད་ནས་སྒྱུ་རྩལ་འགྲེམས་འཁྲབ་རྩ་འཛུགས་བྱས་པའི་བར། མཛེས་དཔྱོད་སློབ་གསོས་བྱིས་པ་རྣམས་ཀྱི་སེམས་ཀྱི་ཞིང་ས་བརླན་པར་བྱས། ངལ་རྩོལ་ནི་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་ཞིག་ཏུ་གྱུར་ནས་ཆུང་དུས་ནས་ངལ་རྩོལ་ལ་བརྩི་མཐོང་དང་ངལ་རྩོལ་ལ་བརྩི་འཇོག་བྱེད་པའི་ས་བོན་བཏབ་ཡོད།

མཚོ་སྔོན་གྱི་སློབ་ཆུང་སློབ་མ་ཝུན་ནོན་གྱིས་བཤད་རྒྱུར། ང་ཚོའི་སློབ་གྲྭར་མཛེས་དཔྱོད་སློབ་ཚན་བཅུ་ལྷག་བཙུགས་ཡོད། ཡིག་གཟུགས་དང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་ནང་གི་ཐིག་རིས་དང་བྲོ་བ་ཚོར་ཐུབ་པ་ནས་མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལས་བཟོས་པའི་ཁྱད་ལྡན་བལ་གྱི་རི་མོའི་རྩེར་སོན་ལག་རྩལ་ཉམས་ལེན་བྱས་པ་དང་། མཛེས་དཔྱོད་སློབ་གསོ་ནི་ངོ་མཚར་ཆེ་བའི་རི་མོ་ཞིག་དང་མཚུངས་པར་ང་ཡང་མཛེས་པ་རྟོགས་པ་དང་མཛེས་པ་རོལ་མྱོང་བྱེད་ཤེས་པ་ཞིག་ཏུ་གྱུར། ང་ཚོས་ཨ་མྱེས་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོ་བཅངས་ནས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པའི་ན་གཞོན་བཟང་པོ་ཞིག་བྱེད་རྒྱུ་ཡིན་ཟེར།

བྱིས་བློའི་ཕུགས་འདུན་བསྙེག་ནས་མ་འོངས་བསྐྲུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་གཅེས་སྐྱོང་འོག དུས་རབས་གསར་པའི་ན་ཆུང་བྱིས་པས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་ཕུགས་བསམ་སྐྲུན་པ། ཡ་རབས་སྤྱོད་བཟང་། ཡར་རྒྱས་བརྩོན་ལེན་བཅས་ཀྱི་ཐོག་ནས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་ཚད་ལྡན་ཞིག་བྱེད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།