རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་བཟོ་སྐྲུན་གལ་ཆེན་བརྟན་བརླིང་ངང་ལག་བསྟར་བྱས།
2025.06.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན། ད་ལྟ་བཟོ་སྐྲུན་གལ་ཆེན་དག་བདེ་བླག་ངང་ལག་བསྟར་བྱེད་བཞིན་ཡོད།

ཟླ6པའི་ཚེས1ཉིན། ཧྲིན་དབྱང་ནས་ཁྲང་པའེ་རི་བོའི་བར་གྱི་མྱུར་བགྲོད་ལྕགས་ལམ་མཉམ་དུ་ལེགས་སྒྲིག་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། དེས་ཧྲིན་པའེ་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྒྱུར་ཉེ་བ་མཚོན། ཧྲིན་པའེ་མྱུར་བགྲོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་ཕལ་ཆེར་སྤྱི་ལེ430ཡོད། འཆར་འགོད་བྱས་པའི་མྱུར་ཚད་ནི་དུས་ཚོད་རེར་སྤྱི་ལེ350འགྲོ་ཐུབ། ལོ་འདིའི་ནང་ཤར་གཏོང་ཐུབ་རྗེས་ཧྲིན་པའེ་ཕྱོགས་གཉིས་བར་ལྕགས་ལམ་ཡུལ་སྐོར་གྱི་དུས་ཡུན་དེ་ད་ལྟའི་དུས་ཚོད3དང་སྐར་མ26ནས་དུས་ཚོད1དང་སྐར་མ30བར་ཇེ་ཐུང་དུ་འགྲོ་རྒྱུ་རེད།

ཨན་ཧུའེ་རུ། ཧི་ཁྲི་མྱུར་བགྲོད་ལྕགས་ལམ་གྱི་གཙོ་གནད་བཟོ་སྐྲུན་ཏེ། ཁྲི་ཀྲིག་འབྲི་ཆུའི་གཞུང་ལམ་ལྕགས་ལམ་གཉིས་སྐྱོད་ཟམ་ཆེན་ལ་འགག་སྒྲོལ་རང་བཞིན་གྱི་གྲུབ་འབྲས་བྱུང་སྟེ། ད་ལྟ་ལྕགས་སྒྲོམ4བ་ནི་ཉིན་རེར་སྨི1ཙམ་གྱི་མྱུར་ཚད་ཀྱིས་ཇེ་མཐོར་འགྱུར་བཞིན་ཡོད། གཞུང་ལམ་ལྕགས་ལམ་གཉིས་སྐྱོད་ཀྱི་ཟམ་ཆེན་འདིའི་འབྲི་ཆུ་བརྒལ་བའི་ཆ་ཤས་གཙོ་བོ་ལ་སྨི1768ཡོད་པ་དང་སྔོན་དཔག་ལྟར་ན2027ལོར་ཤར་གཏོང་བྱེད་ཐུབ་རྒྱུ་རེད།

ཀོང་ཏུང་དུ། རྒྱལ་ཡོངས་རྐྱང་གཟུགས་ལྕགས་ལམ་ཟོང་འགྲུལ་ལྟེ་གནས་ཆེ་ཤོས་ཏེ། ཧྲིན་ཀྲིན་ཕིན་ཧུའུ་ལྷོ་ཚིགས་ཕྱོགས་བསྡུས་ཟོང་འགྲུལ་ལྟེ་གནས་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་བཟོ་སྐྲུན་ཉིན་འགའི་སྔོན་ངར་ལྕགས་གྲུབ་ཆ་གཙོ་བོའི་བཟོ་སྐྲུན་ལེགས་འགྲུབ་བྱུང་ནས་ནང་གི་འཕྲུལ་གློག་སྒྲིག་སྦྱོར་བྱེད་པའི་དུས་མཚམས་སུ་སླེབས་པས། ལོ་འདིའི་ནང་འཛུགས་སྐྲུན་ལེགས་འགྲུབ་ཐུབ་པར་རྨང་གཞི་བཏིང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐོར་ཐེངས་དང་པོའི་རྒྱལ་ཁབ་ཟོང་འགྲུལ་ལྟེ་གནས་ཀྱི་གཙོ་གནད་བཟོ་སྐྲུན་ནང་གི་ཡ་གྱལ་གཅིག་བྱས་ཏེ། རྣམ་གྲངས་འདི་ལེགས་འགྲུབ་བྱུང་རྗེས་ས་གནས་འདི་ནི་ཨེ་ཤེ་ཡའི་རྐྱང་གཟུགས་གཞི་ཁྱོན་ཆེ་ཤོས་ཀྱི་གཞུང་ལམ་དང་། ལྕགས་ལམ། མཚོ་ལམ་བཅས་ཡོད་པའི་རྣམ་མང་སྐྱེལ་འདྲེན་ལྟེ་གནས་སུ་འགྱུར་རྒྱུ་རེད།

ཆུ་བེད་བཟོ་སྐྲུན་ཐད། ཧྲན་ཏུང་ལིན་དབྱིའི་མིན་ཧི་ཧྲོང་ཧུག་ཆུ་མཛོད་ད་ལྟ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བཞིན་པའི་སྒང་རེད། རྒྱལ་ཁབ་ཀྱིས་འཆར་འགོད་བྱས་པའི་ཧའེ་ཧི་ཆུ་བོའི་འབབ་རྒྱུད་ཀྱི་གཙོ་གནད་ཆུ་བེད་བཟོ་སྐྲུན་ཡིན་པའི་ཆ་ནས། མིན་ཧི་ཧྲོང་ཧུག་ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་ཕལ་ཆེར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་བརྒྱད་རེད། ད་ལྟ་བཟོ་སྐྲུན་ཕྱེད་ཀ་ལྷག་འཛུགས་སྐྲུན་བྱས་ཟིན་པ་དང་། 2026ལོའི་ལོ་མཇུག་ཏུ་ལས་གཞི་ལེགས་འགྲུབ་བྱུང་རྗེས། ལིན་དབྱི་ཡི་འབྲུབ་འགོག་གནོན་ཤུགས་ཇེ་ཆུང་གཏོང་རྒྱུར་ནུས་པོ་ཆེན་པོ་ཐོན་རྒྱུ་དང་ཆབས་ཅིག་ཏུ། ས་ཞིང་མུའུ་ཁྲི3ལ་ཐག་ཉེ་ས་ནས་ཞིང་ཆུ་མཁོ་འདོན་བྱ་རྒྱུ་རེད། ཧྲའན་ཞི་ཡན་ཨན་དུ། ཝང་ཡའོ་ཆུ་མཛོད་རྒྱ་སྐྱེད་གཏོང་བའི་བཟོ་སྐྲུན་ད་ལྟ་འདམ་གཤོང་དུ་རྒྱ་སྐྱེད་པ་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། བཟོ་སྐྲུན་ཡུལ་དངོས་སུ་ཉིན་རེར་སྨི་རྒྱ་དཔངས་གྲུ་བཞི་མ་ཆིག་ཁྲི་ལྔ་སྟོང་གི་འདམ་གཤོང་གཙང་སེལ་ལས་འགན་ལེགས་འགྲུབ་བྱེད་ཐུབ། བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས་དེས་ཆུ་རགས་ཀྱི་བདེ་འཇགས་ནུས་པ་ཆེ་རུ་གཏོང་ཐུབ།