ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2025.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས3ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་པ་དང་། སློབ་སྦྱོང་སློབ་གསོ་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་དབྱང་རིམ་པའི་སློབ་སྦྱོང་སློབ་གསོའི་རྟོག་ཞིབ་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ། གནད་དོན་འཚོལ་བཤེར་དང་དག་ཐེར་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་གཟབ་ནན་ངང་སྤེལ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། གྱོད་དཔེས་སློབ་སྦྱོང་ལ་སྐུལ་བ་དང་། གྱོད་དཔེར་བརྟེན་ནས་སྤྱོད་བཟང་སྐྱོང་བ་དང་གྱོད་དཔེར་བརྟེན་ནས་སྒྲིག་ལམ་གླེང་བ། གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་གླེང་བ། གྱོད་དཔེར་བརྟེན་ནས་འགན་འཁྲི་གླེང་བ་བཅས་ལ་ཤུགས་སྣོན་པ། ཟ་འཐུང་གི་སྤྱོད་ཚུལ་ངན་པ་བཀག་འགོག་བྱས་ཏེ། སྤྱོད་གཙང་སྲོལ་བཟང་དང་ལས་སྒྲུབ་ལས་སྐྲུན་གྱི་ཆབ་སྲིད་སྐྱེ་ཁམས་བཟང་བོ་ཧུར་ཐག་གིས་བསྐྲུན་དགོས། སྲིད་གཞུང་ལས་ཁུངས་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རང་གཅུན་ནན་མོ་བྱེད་པ་དང་འགན་འཁྲི་ལག་ལེན་དུ་བསྟར་བ། མངའ་ཁོངས་ལ་དོ་དམ་ནན་མོ་བྱེད་པ། འགོ་ཁྲིད་དེ་གཟབ་ནན་གྱི་ཚད་གཞི་དང་གཟབ་ནན་གྱི་བྱེད་ཐབས་ལ་བརྟེན་ནས་གཞི་གཅིག་ཏུ་སློབ་བཤེར་སྒྱུར་གསུམ་གཏིང་ཟབ་ཏུ་སྤེལ་ནས། ཏང་ཡོན་ལས་བྱེད་པར་ཏང་སྲོལ་དང་སྲིད་སྲོལ་བཟང་བོ་གོམས་པར་སྣེ་ཁྲིད་བྱེད་དགོས།

གྲོས་ཚོགས་སྟེང་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་སྲོལ་ཡིག་དེ་ཏང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་ཡོངས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། སྲོལ་ཡིག་སློབ་སྦྱོང་རྒྱུས་ལོན་དང་དྲིལ་སྒྲོག་འགྲེལ་ཀློག ལག་བསྟར་དོན་འཁྱོལ་བྱེད་རྒྱུ་གཅིག་འདོམས་ཀྱིས་དམ་འཛིན་བྱེད་པ། ཞིང་ཆེན་རིམ་པའི་ལྟ་ཞིབ་དང་དག་ཐེར་ལེགས་བཅོས་བྱ་བའི་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་སྟེ། ལྟ་ཞིབ་དང་དག་ཐེར་ལེགས་བཅོས་ཀྱི་དུས་མཇུག་བྱ་བ་གཟབ་ནན་དང་བཟང་བོར་བསྒྲུབ་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་དོན་གལ་ཆེན་དང་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ། མྱུར་ཚད་སྔར་ལས་མགྱོགས་པ་དང་ནུས་ཤུགས་སྔར་ལས་ཆེན་པོས་སྐོར་ཞིབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་སྤེལ་ནས། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གི་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་གཉེར་པ་བྱེད་དགོས།

གྲོས་ཚོགས་སྟེང་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།