བདེན་འཚོལ་དངོས་གཉེར་གྱིས་སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོན་པར་ཁག་ཐེག་བྱས།
2025.06.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

པེ་ཅིང་གྲོང་ཁྱེར་ཞིས་ཁྲིན་ས་ཁུལ་དང་ཧེ་ལུང་ཅང་ཅ་མུའུ་སི་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ནས། སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ། བདེན་འཚོལ་དངོས་གཉེར་དང་འགན་འཁྲི་དངོས་སྒྲུབ་བྱས་ནས། སློབ་སྦྱོང་སློབ་གསོར་ཕན་འབྲས་ཐོན་པར་འགན་ལེན་བྱས།

པེ་ཅིང་གྲོང་ཁྱེར་ཞི་ཁྲིན་ས་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས5900ལྷག་གིས“ཚོགས་འདུ་གསུམ་དང་ཏང་གི་སློབ་ཁྲིད་གཅིག”དང་། བརྗོད་དོན་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། གནད་དོན800ཙམ་དང་དག་ཐེར་བཅོས་སྐྱོང་བྱེད་ཐབས1500ལྷག་གསེད་བཀྲོལ་བྱས།  སྡེ་ཁུལ་ཁ་ཤས་ཀྱིས་བཏོན་པའི་གནས་སྐབས་རང་བཞིན་གྱི་ཚོགས་འདུ་དང་དཔྱད་ཞིབ་ལས་འགན་གྱིས་སྡེ་ཁུལ་གདོང་གཏོད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཞིས་ཁྲིན་ས་ཁུལ་གྱིས“ཡིག་ཆ་དང་ཚོགས་འདུ་ཉུང་འཕྲིའི”བྱེད་ཐབས་ནན་མོ་ཁ་གསལ་བཟོས་ཏེ། ཡིག་ཆར་ཞིབ་མཆན་འགོད་པའི་ཞིབ་བཤེར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གཞི་རིམ་གྱི་དཔྱད་ཞིབ་དམིགས་ཚད་ཁུ་བསྡུ་བྱེད་ཚད89.5%ལ་སླེབས།

པེ་ཅིང་གྲོང་ཁྱེར་ཞི་ཁྲིན་ས་ཁུལ་དངུལ་རྩའི་སྲང་ལམ་གྱི་ཅིང་ཅིས་ཏའོ་སྡེ་ཁུལ་ཏང་ཨུའི་ཧྲུའུ་ཅི། ཡའོ་ཡུས་ལིན་གྱིས་བཤད་རྒྱུར། ད་ལྟ་འགན་འཁྲི་གསལ་བོ་བྱས་ཏེ། ཚོགས་འདུ་ཐེངས་མང་ཚོགས་པ་ལས་ཇེ་ཉུང་དུ་བཏང་ནས། ང་ཚོར་མང་ཚོགས་གྱི་བྱ་བ་ལེགས་པར་བསྒྲུབ་རྒྱུའི་སེམས་ཤུགས་དང་དུས་ཚོད་སྔར་ལས་ཇེ་མང་དུ་སོང་ཡོད་ཟེར།

ཞི་ཁྲིན་ས་ཁུལ་གྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ད་དུང་རང་འགུལ་གྱིས་གཞི་རིམ་ལ་འཚམས་འདྲི་བྱས་ཏེ། གནད་དོན་གཙོ་བོ་བཙལ་ནས། བྱ་བའི་བརྒྱུད་རིམ་ཇེ་ལེགས་སུ་བཏང་། གྲོང་ཁྱེར་དང་ས་ཁུལ་རིམ་པ་གཉིས་ཀྱི་གཞི་གྲངས་མཉམ་སྤྱོད་ཀྱི་ཐབས་ལམ་ཤར་གཏོང་ཐུབ་པར་བྱས་ནས། ལས་སྒྲུབ་ལས་ཆོད་མཐོ་རུ་བཏང་སྟེ་གཞི་རིམ་གྱི་དཀའ་ངལ་སེལ།

པེ་ཅིང་གྲོང་ཁྱེར་ཞི་ཁྲིན་ས་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བགོས་དོ་དམ་རྒྱུན་ལྡན་བྱ་བའི་པུའུ་ཀྲང་གཞོན་པ་ལིའུ་ཁའེ་ཕིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས་དགོས་ཞེས་ནན་བཤད་གནང་ཡོད་ལ། ཞིས་ཁྲིན་ས་ཁུལ་ནི་རྒྱལ་སའི་བྱེད་ནུས་ལྟེ་བའི་ས་ཁུལ་ཡིན་པའི་ཆ་ནས། སློབ་སྦྱོང་སློབ་གསོ་དང་གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་། གནད་དོན་དག་ཐེར་དང་ཟུང་འབྲེལ་དམ་པོ་བྱས་ནས། ཐོན་ཁུངས་དོ་དམ་དང་ཞབས་ཞུ་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གསར་པ་དེ་འཕེལ་རྒྱས་དང་བཅོས་སྐྱོང་གི་ཕན་འབྲས་གསར་པར་དངོས་སུ་བསྒྱུར་དགོས་ཞེས་གསུངས་ཡོད།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཧེ་ལུང་ཅང་ཞིང་ཆེན་ཅ་མུའུ་སི་གྲོང་ཁྱེར་གྱིས“ཐད་སྦྲེལ་ཁ་པར12345དང་དྲ་མིག་ཅན་གྱི་དུས་ཚོད་ཉེར་བཞིའི་རིང་གི་དང་ལེན་ལམ་སྲོལ་བཙུགས་ནས། དུས་ཐོག་ཏུ་མང་ཚོགས་ཀྱི་རེ་ཞུར་རྒྱུས་ལོན་བྱས། ཆེན་ཅིན་ས་ཁུལ་གྱི་མཚོ་ཁུག་སྲང་ལམ་ཁྲོན་ཀོང་སྡེ་ཁུལ་གྱིས་བཏོན་པའི་རླངས་འཁོར་འཇོག་དཀའ་བ་དང་། རླངས་འཁོར་གང་སར་འཇོག་པའི་གནད་དོན་ལ་དམིགས་ནས། འགན་ནུས་སྡེ་ཁག་གིས་དུས་ཐོག་ཏུ་སྡེ་ཁུལ་གྱི་རེ་ཞུ་བཅོས་སྒྲིག་འཆར་འགོད་ཀྱི་གསལ་ཐོའི་ཁྲོད་བཅུག་ནས། རླངས་འཁོར་འཇོག་ས་ཡང་བསྐྱར་ཇུས་འགོད་དང་། རླངས་འཁོར་འཇོག་སའི་གྲངས་འབོར་ཇེ་མང་དུ་བཏང་སྟེ་གནད་དོན་ཐག་བཅད།

ཧེ་ལུང་ཅང་ཞིང་ཆེན་ཅ་མུའུ་སི་གྲོང་ཁྱེར་ཆེན་ཅིན་ས་ཁུལ་གྱི་མཚོ་ཁུག་སྲང་ལམ་ཁྲོན་ཀོང་སྡེ་ཁུལ་གྱི་སྡོད་དམངས་ཧོ་ཅིས་ཕིན་གྱིས་བཤད་རྒྱུར། ཁྱོས་ལྟོས་ར་ད་ལྟ་ང་ཚོའི་ཚབ་ཏུ་སེམས་ཁུར་བྱེད་མཁན་ཡོད་ལ། ང་ཚོའི་མང་ཚོགས་ལ་བྱ་བ་སྒྲུབ་རོགས་བྱས་པས། ངས་ཧ་ཅང་བདེ་སྐྱིད་ལྡན་པར་འདོད་ཟེར།

བྱ་སྤྱོད་དངོས་ཀྱི་ཐོག་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱས་ཏེ། ཅ་མུའུ་སི་གྲོང་ཁྱེར་གྱིས་ད་སྐབས་དྲོད་འདོན་སྦུག་དྲ་བསྒྱུར་བཀོད་དང་། ནུས་ཁུངས་གསར་པའི་རླངས་འཁོར་གྱི་གློག་གསོག་ཀ་བ་གསར་སྣོན། སྤྱི་གླིང་ཆུང་བ་གསར་སྐྲུན་སོགས་དམངས་འཚོའི་བྱ་བ་དངོས40བཀོད་སྒྲིག་བྱས་ནས། ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ།  དམངས་ཀྱི་དཀའ་ཁག་སེལ་བར་སྐུལ་འདེད་བཏང་བ་དང་མཉམ་དུ།   ཆེད་དོན་ཡིག་ཆ་བཟོ་བ་དང་ལམ་ལུགས་འཛུགས་སྐྲུན་ལ་བརྟེན་ནས་ལས་བྱེད་པའི་སྤྱོད་སྟངས་ཀྱི་དཀའ་གནད་སེལ།

ཧེ་ལུང་ཅང་ཞིང་ཆེན་ཅ་མུའུ་སི་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཧྥུའུ་ཞིན་གྱིས་བཤད་རྒྱུར།  ཅ་མུའུ་སི་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་བྱེད་པར་འགན་འཁུར་བྱས་རྗེས་འཇོག་པའི་ལམ་ལུགས་རབ་དང་རིམ་པ་ཧུར་ཐག་གིས་བཙུགས་ནས། རྒྱུན་རྣམ་འགན་ཁྱེར་དང་ཡུལ་དངོས་དབྱེ་འབྱེད། གོང་འོག་མཉམ་འགུལ་སོགས་ཀྱི་ལམ་སྲོལ་གྱིས་ཁྱབ་པར་བྱས་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་འཕེལ་བར་བྱས་ནས། བྱ་སྤྱོད་དངོས་ལ་བརྟེ་ནས་བློ་བརྟན་འགྱུར་མེད་སྒོས“གཏན་ཕབ་གཉིས”ལ་གོང་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བསྒྲུབ་ཐུབ་པར་བྱེད་དགོས་ཟེར།