ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་ཀྱི་ཞིང་ལས་ཁྱབ་བཤེར་ཐེངས་བཞི་པ་སྤེལ་རྒྱུའི་སྐོར་གྱི་བརྡ་སྦྱོར》པར་འགྲེམས་བྱས་པ་དང་། 2026ལོར་རྒྱལ་ཡོངས་ཀྱི་ཞིང་ལས་ཁྱབ་བཤེར་ཐེངས་བཞི་པ་སྤེལ་རྒྱུ་ཐག་བཅད།
《བརྡ་སྦྱོར》ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། ཁྲིམས་ལྟར་ཁྱབ་བཤེར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་བཤེར་བྱེད་པ། དམངས་ཀྱི་ཆེད་དུ་ཁྱབ་བཤེར་བྱེད་པ་བཅས་རྒྱུན་འཁྱོངས་བྱ་དགོས། དངོས་ཐོག་བདེན་འཚོལ་དང་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་རང་རྒྱལ་གྱི“ཞིང་གསུམ”རྨང་གཞི་ཕྱོགས་ཡོངས་ནས་གསལ་རྟོགས་བྱེད་པ་དང་། ཞིང་ལས་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པ་དང་གྲོང་གསེབ་འཛུགས་སྐྲུན་གྱི་རྣམ་པ་གསར་པ། ཞིང་པའི་འཚོ་བའི་འགྱུར་ལྡོག་གསར་པ། ཞིང་སྡེའི་བཅོས་སྒྱུར་གྱི་ཕན་འབྲས་གསར་པ་བཅས་དོན་དངོས་དང་མཐུན་པའི་སྒོ་ནས་མཚོན་དགོས་ཞེས་ནན་བཤད་བྱས་ཡོད།
《བརྡ་སྦྱོར》ལས་རྒྱལ་ཡོངས་ཀྱི་ཞིང་ལས་ཁྱབ་བཤེར་ཐེངས་བཞི་པ་སྤེལ་ཡུལ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་ཞིང་སྡེ་ཁྱིམ་ཚང་དང་མཁར་གྲོང་ཞིང་ལས་ཐོན་སྐྱེད་ལས་གཉེར་ཁྱིམ་ཚང་། ཞིང་ལས་ཐོན་སྐྱེད་ལས་གཉེར་སྡེ་ཁག སྡེ་དམངས་ཨུ་ཡོན་ལྷན་ཁང་། ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་བཅས་ཡིན། ཁྱབ་བཤེར་གྱི་ནང་དོན་གཙོ་བོའི་ཁྲོད་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་འབྲུ་རིགས་དང་ཟས་རིགས་ཆེན་པོའི་ཐོན་སྐྱེད་ཀྱི་གནས་ཚུལ། ཞིང་ལས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་གནས་ཚུལ། གྲོང་གསེབ་འཕེལ་རྒྱས་ཀྱི་གཞི་རྩའི་གནས་ཚུལ། ཞིང་སྡེའི་གྲོང་མིའི་འཚོ་བའི་གནས་ཚུལ་སོགས་ཚུད་ཡོད་ཅེས་བསྟན།